Chasing River Thames estuary and River Medway 

གཙང་པོ་ཐེམ་སེ་དང་གཙང་པོ་མེ་ད་ཝེ་གཉིས་ཀྱི་འབབ་ཁ་རྗེས་སྙེག་པ། 3rd august and 4th august  དེ་རིང་གི་གོམ་བགྲོད་ནི་གཙང་པོ་ཐེམ་སེ་དང་གཙང་པོ་མེ་ད་ཝེ་གཉིས་ཀྱི་འབབ་ཁ་རྗེས་སྙེག་སྟེ། གཙང་པའི་འགྲོས་དང་གཙང་པོ་གཉིས་ཀྱིས་ལེ་དབར་བརྒྱ་ཕྲག་གིས་དཀའ་བཅད་ཀྱིས་བགྲོད་དེ།  ཕྱེད་གླིང་ཕྲན [ཨ་ཧེལས་ཨོཕ་གྲཧན] ལ་ལས་དབང་གིས་མཚམས་སྦྱར། [ཨ་ཧེལས་ཨོཕ་གྲཧན]་ལ་གཙང་པོ་གཉིས་དང་བྱང་གི་རྒྱ་མཚོའི་འདུ་འཛོམས་ཀྱི་རྣམ་པ་དང་གཏུམ་དྲག་སྙིང་རྗེས་བྲལ་བའི་བྱང་གི་རྒྱ་མཚོས་ཁམ་སྒང་ལ་གཙང་པོ་གཉིས་ཁྱུད་མིད་འཐུང་བ། ཡ་ང་བའི་ལས་དབང་གི་རྣམ་པ་དེ་དག་དྲན་ངོར་འགོད་འདོད་བྱུང་། ནུབ་བྱང་ཀིམ་བལ་མངལ་ན་བཏམས་པའི་ཐེམ་སེ། ལྷོ་ཤར་ཏྲུ་ནར་ཧིལ་ན་འཁྲུངས་པའི་མེ་ད་ཝེ། ས་གནས་མི་ཅིག་ལེ་དབར་བརྒྱ་ཕྲག་བྲེལ་གྱིས་བཞུད། ལས་སྨོན་བཟང་པོས་ཨ་ཧེལས་ཨོཕ་གྲཧན་སྤང་ན་འཛོམས། དམ་ཚིག་བདུད་པའི་བརྩེ་གདུང་རོལ་བའི་གཙང་པོ་ཟུང་། གཏུམ་དྲག་སྙིང་རྗེ་མེད་པའི་བྱང་གི་རྒྱ་མཚོ་ཡིས། གཙང་པོའི་དཔལ་ཡོན་རྒྱས་པའི་ལོ་རྒྱུས་རིང་པོ་འདི། གཏུམ་དྲག་བྱང་གི་རྒྱ་མཚོས་གཙང་པོའི་སྲོག་གི་སྙིང་པོ། ཡ་ང་སྙིང་རྗེ་བྲལ་བས་གཙང་པོའི་སྲོག་གི་སྙིང་པོ་འགུམས། གོང་ཚེས་གཞོག་པ་ཆུ་ཚོད་༨་༣༠་ཐོག་ནང་ནས་དམིགས་འབེན་ཡུལ་ལ་བརྟོལ། སྐབས་དེ་དུས་༡༠་༣༠་ཡས་མས་ཤིག་ལ་གནམ་གཤིས་བསིལ་བུ་ཉིན་མ་སྤྲིན་པས་བསྒྲིབས་ནས་ཁོར་ཡུག་སྐྱ་མི་མདངས་བའི་རྣམ་པ་ཞིག་གི་མཚམས་སུ་བདག་ Isle of Grain ཆུ་ངོགས་ལ་སླེབས། ཆུ་ངོགས་མདུན་རང་ལ་རིན་མེད་མོ་ཀྲ་འཇོག་ས་འབབ་ཐང་འབྲིང་ཙམ་ཞིག་མོ་ཀྲ་འགའ་ཤས་སྔོན་ནས་སླེབས་ཟིན་འདུག མོ་ཀྲ་འཇོག་སའི་མདུན་ནས་གོམ་པ་འགའ་ཤས་ས་ན། གཙང་པོ་ཐེམ་སེ་ཡི་རྣམ་པ་ནི་འདི་ལྟར།  རླབས་ཕྲེང་གསལ་ལ་མི་གསལ། ཆུ་གཞུང་བྲི་བས་ཆུ་མཐའ་དམ་ནག་སྙེར་སུལ་གྱི་རི་མོ་སྤར་བ་ལྟ་བུའི་རྣམ་པ་མངོན། དེའི་སྟེང་ཆུ་བྱ་རྣ་མིན་གྱིས་ཟས་འཚོལ་ཞིང་བྲེལ། ཆུ་མཐའི་མཚམས་ནས་རླབས་འགོག་ཤིང་གི་ཆུ་རག་རྣམས་ནག་རོག་ངེ་མངོན་པར་གསལ། མཐའ་མཚམས་སྨུག་སྤྲིན་གྱིས་ཆུ་ཕ་རོལ་གྱི་ཡུལ་ལྗོངས་ནི་མཐོང་མི་ཐུབ། གཙང་པོ་ཐེམ་སེ་ནི་དལ་པོས་བྱང་གི་རྒྱ་མཚོའི་ཁ་ལ་བཞུད་པའི་རྣམ་པ་འདི་མངོན།  ཆུ་འགྲམ་རང་ན་མི་འགྲོ་ལམ་རྒྱ་ཆེན་པོའི་སྟེང་མི་འགའ་རེ་ཁྱི་འཁྲིད་དེ་ཡར་འགྲོ་མར་འགྲོ་བཞིན་གདའ།  ངས་འགྲོ་ལམ་གཡས་ཕྱོགས་ནས་ལམ་སྣེ་བསུས་ཏེ་གཙང་པོ་མེ་ད་ཝེ་འབབ་ཁ་ཕྱོགས་ལ་སྐྱོད། གཙང་པོ་གཉིས་ཀྱི་འབབ་ཁའི་མདོ་ནི་འདི་གཙང་པོ་ཐེམ་སེ་དང་འདི་གཙང་པོ་མེ་ད་ཝེ་བཅས་གཅོད་མཚམས་ཤེས་པར་དཀའ། གཙང་པོ་གཉིས་ཀྱི་ཆུ་རྒྱུན་གྱི་ཕྱོགས་མཚམས་ལས་ཚོད་དཔགས་བྱས་པ་ལས། གཙང་པོ་གཉིས་འདྲེས་ནས་ཆུ་གཞུངགཉིས་གཙང་པོའི་ངོ་བོ་མི་མངོན། མཐའ་ཡས་བྱང་གི་རྒྱ་མཚོའི་ནང་མི་མངོན་པར་གྱུར། གཙང་པོ་མེ་ད་ཝེའི་མཇུག་མཐའ་འདིར་ The Grain Tower ད་གྲེཧན་ཏྲ་ཝར་ 1855 ལོར་སྐྲུན་པ། མཁར་རྫོང་འདི་ཁྱེར་རྐྱང་ཆུའི་དཀྱིལ་ལ་མངོན་པར་བརྗིད་ཆགས་ད་ལྟའང་ལོ་རྒྱུས་ཀྱི་དཔངས་པོར་མངོན་འདུག  ཏྲ་ཝར་འདི་འཛམ་གླིང་དམག་ཆེན་སྐབས་མཚོ་མཐའ་སྲུང་བའི་མཁར་རྫོང་ལོ་རྒྱུས་རང་བཞིན་ཞིག་ཡིན། འདི་ལ་ཆུ་མཐའ་ནས་རྫོང་མཁར་བར་འགྲོ་ལམ་ [Causeway ཆུ་བརྒལ་ལམ་] … More Chasing River Thames estuary and River Medway 

Dover to Folkstone Hiking

Dated 1st june 2024 དྲོ་བར་ནས་ཕོཀས་ཏྲོན་བར་རྐང་བགྲོད། དེ་རིང་གི་གོམ་བགྲོད་འདི་Hiking in London club http://www.senderismoenlondres.co.uk གོ་སྒྲིག་འོག་དྲ་རྒྱའི་ནང་ནས་ལག་ཁྱེར་ཉོས་། ཕྱི་ཟླ་༦་ཚེས་༡ཉིན་ཞོགས་པ་ཆོུད་༧་ལ་ནང་ནས་ཐོན། ལག་ཁྱེར་རེར་དབྱིན་སྒོར་༣༨་དེའི་ནང་ལ་རི་ལི་པ་སི་ཕར་ཚུར་འགྲོ་འོང་དང་སྣེ་ཤན་པའི་ཉིན་གླ་འདུས་ཡོད། king cross to Dover up and down both side and guide fees included  ལམ་སྟོན་གཞིར་བཟུང་ས་ཚིགས་འདིར་སྒུག་དགོས།་IFO [Bird Cage] in Battle bridge Placw Kings cross station་ དེ་ནས་རྐང་བགྲོད་པ་རྣམས་རིམ་གྱིས་འབྱོར། ཆོུད་༨་༥༠་ཐོག་སྣེ་ཤན་པ་ Maria་ང་ཚོར་ངོ་སྤྲོད་དོར་བསྡུས་ཤིག་གིས་གྲངས་གཤེར་བྱས། དེ་ནས་ང་ཚོ་ཚང་མ་མེ་འཁོར་བསྐྱོད། མི་གྲངས་ཁྱོན་སྡོམ་༥༢་འདུག མེ་འཁོར་ནང་ཚོུད་གཅིག་ལྷག་སོང། ཆོུད་༡༠་༣༥་་Dover train station འབྱོར། མེ་འཁོར་འབབ་ཚུགས་སུ་སྣེ་ཤན་པས་རྐང་བགྲོད་པར་ལམ་སྟོན་དང་སྐུ་དཔར་སྒྲོན། དེ་ནས་ཚང་མ་ལམ་འཁྲིས་པས་སྣེ་འཁྲིད་དེ་གྲོང་གི་ལམ་ཆེན་རྒྱུད་་ལ་མཇུག་བར་ཆས། དེ་རིང་མི་ཚོགས་མང་པོ་ཡོད་སྟབས་སྣེ་ཤན་པ་གསུམ་འདུག གཅིག་གིས་འགོ་དང་གཅིག་གིས་བར་གཅིག་མཇུག་བྱས་ནས། ང་ཚོ་ཚང་མ་གཅིག་གིས་གཅིག་མཐུད་དེ་སྟར་བསྒྲིགས་ནས Dover རྒྱལ་ས་དཀྱིལ་ནས་ཡར་Western Hights of … More Dover to Folkstone Hiking

རཧི་ནས་ཧེཡས་ཏྲིང་བར་གོམ་འགྲོད་ཀྱི་ཉམས་མྱོང།. Rye to Hastings Hiking

སྤྱི་ཟླ་༧་ཚེས་༢༠་ཉིན་ Hiking in london  http://www.senderismoenlondres.co.uk གོ་སྒྲིག་འོག་རཧི་ནས་ཧཡས་ཏྲིང་བར་གོམ་འགྲོད་ཀྱི་ཉམས་མྱོང། དེ་རིང་གནམ་གཤིས་ཚ་དྲོད་སྙོམ་དྲོད་ཚད་༡༩། ཞོགས་པ་ཆུ་ཚོད་༧་༣༠་ཐོག་ནང་ནས་ཐོན། ཆུ་ཚོད་༨་༥་ལ་ས་གནས་ཝུ་ལེཆ་ནས་ཕི་རིང་ཏྲོན། དེ་ནས་ཀྱིངས་ཀོ་རོས་བར་རི་ལི་ནང་ཆས། ༩་པ་ལ་ཀྱིངས་ཀོ་རོས་འབབ་ཚུགས་ལ་བྱོར། དེར་རྐང་འགྲོས་པ་གཞན་ཚོ་དང་མཇལ། རིམས་པས་གཅིག་རྗེས་གཅིག་འཛོམས། ཆུ་ཚོད་༩་༣༠་ཐོག་ཀྱིངས་ཀོ་རོས་ནས་ཨེེཤ་ཕོཏྲོ་བར་ངརི་ལིར་སོང། དེ་ནས་ཨེཤ་ཕོཏྲོ་ལ་རི་ལི་བརྗེས་ནས་ཧེས་ཏྲིང་རི་ལི་བར་ཆུ་ཚོད་༡༠་༤༥་ཐོག་རཧི་འབབ་ཚུགས་བྱོར། དེ་ན་ཚང་མ་གྲངས་གཤེར་བྱས་ཏེ་མཉམ་འཛོམས་དཔར་ལེན། རཧི་འབབ་ཚུགས་ནས་ལག་གཡས་ཕྱོགས་ཀྱི་གཞུང་ལམ་ཟུར་ནས་སྣེ་ཤན་པས་རྐང་འགྲོད་པ་ཡོངས་ཁོང་གི་རྗེས་མཐུད་ནས་སོང། འབབ་ཚུགས་རྒྱབ་རང་ལ་རྒྱུག་ཆུ་ཆུང་ཆུང་River Tillingham ཟམ་ཆུང་བཅད་དེ་སོང། དེ་ནས་གཞུང་ལམ་Graham’s way ལམ་དེད་ནས་ལག་གཡས་ཕྱོགས་ན་River Brede རྒྱུག་ཆུ་ཆུང་ཆུང་བིརདྷ་ཟུར་ནས་ཤིང་ནགས་ནང་ནས་ལྕགས་ཀྱི་འགག་སྒོ་ཞིག་ནས་གོམ་འགྲོད་ལམ་འགོ་བཙུགས། རྩ་ཐང་ཡངས་པོ་འདི་Rye Harbour Nature Reserve ཡིན་འདུག སྤངས་ཐང་ཡངས་པོ་ལུ་གུའི་ཁྱུ་ཚོགས་ལ་དབང་བས་སྤངས་གཞུང་ན་ལུ་གུ་རྣམས་བདེ་སྐྱིད་ཀྱི་ངང་ནས་རྩ་མྱུག་ལྡལ་ཞོར་ཡ་མཚན་པའི་རྣམ་གྱུར་གྱིས་རྐང་འགྲོད་རྣམས་ལ་མགོ་ཅོག་ཅོག་ཡང་བལྟ་བྱེད་བཞིན་པའི་རྣམ་གྱུར་ལ་དཔགས་ན་ལུ་གུའི་ཁྱུ་ཚོགས་ལ་བསུན་སྣང་ཞིག་ཡོད་པ་མངོན། ཡིནའང་ང་ཚོ་རྐང་འགྲོད་རྣམས་སྦྲང་ཚང་ཐོར་བ་ལྟ་བུ་སྤངས་ལྗོངས་ཡངས་པོར་འགའ་ཤས་ལག་པ་འཁྱུད་འགའ་ཤས་ལག་ཐོག་ཁ་པར་ནས་ཁོར་ཡུག་དང་ལུ་གུ་ཚོའི་མདུན་ལ་བཅར་ནས་པར་ལེན་པ་སོགས་ཀྱི་ཞི་བདེ་བག་འཕེབས་ཀྱི་ཁོར་ཡུག་ངང་གིས་དཀྲོགས། སྤངས་ཐང་ཡངས་པོ་འདི་ནས་གཡོན་ཕྱོགས་ན་ཁྱེར་རྐྱང་གི་མཁར་ཤུལ་རྙིང་པ་ཞིག་རྒྱང་ཐག་རིང་པའི་བར་གྲོང་ཁྱིམ་གཅིག་ཡང་མེད་པ་ས་སྟོང་ཡངས་པོར་ཀེམ་པར་ཀས་སལ་ Camber Castle བརྗིད་ཞིང་ཆགས་པ་ཟུར་ནས་བལྟས་ན་གྱང་རྩིག་ཟླུམ་སྒོར་པད་ལོའི་དབྱིབས་ཅན་རྒྱང་ཐག་རིང་པོ་ནས་མིག་དབང་ལ་མངོན་པར་མཚར། མཁར་རྫོང་འདི་དུས་རབ་བཅུ་ལྔ་༡༥༡༢་ཕཧ་རན་སི་བཙན་འཛུལ་འགོག་ཆེད་རྒྱལ་པོ་ཧན་རི་བརྒྱད་པའི་སྐབས་སུ་བཞེངས་པ་ཞིག་ལོ་རྒྱུས་ཡིག་ཚང་ནང་གསལ། རིམས་བཞིན་ང་ཚོ་རྐང་འགྲོད་པ་རྣམས་མཁར་རྫོང་ཉེ་བར་སླེབས། འདིར་ཡུན་ཞིག་ངལ་གསོ་དང་སྦྲགས་ཁང་ཤུལ་ལ་བལྟ་སྐོར་བྱས། ཕྱིས་ནས་བལྟ་བ་ལས་ནང་ལ་འགྲོ་མི་ཆོག་པའི་བཀའ་ཡིག་སྦྱར་འདུག གང་ལྟར་མཁར་རྙིང་འདི་གནམ་དུས་ཆུ་དང་ཆར་པ་ལ་དོ་ཟླར་རྒྱིང་ནས་སྐད་ཅིག་སྐད་ཅིག་གིས་མི་རྟག་པའི་ངོ་བོས་ས་རྡོའི་ཕུང་པོ་འཇིག་ལ་ཉེ་བ་ཡ་ང་བའི་རང་བཞིན་ལ་གནས་འདུག འདི་ནས་ཁང་རྙིང་གི་གཡས་ཕྱོགས་ནས་སྐོར་སྟེ་་སླར་རྐང་འགྲོད་ལམ་བསུས་ནས་ཆུ་ཚོད་༢་ཙམ་རིང་སྤངས་ཐང་ཡངས་པོའི་སྟེང། སྐབས་སྐབས་སུ་ནས་ཞིང་འདྲེས་མའི་ཞིང་ཚིགས་སྒང་ནས་བསྟར་བསྒྲིགས་པའི་རྣམ་པ་ནི་འབུ་གྲོག་མ་མཐུད་ནས་སྐྱོད་བཞིན་པའི་རྣམ་པ་མངོན། དེ་ནས་Rye Harbour Nature Reserve ས་མཚམས་མཇུག་བརྒལ་བ་དང་ Pett Level གྲོང་གི་ལམ་མདོ་ཞིག་ལ་ཐུག དེ་ནས་ཡར་གྱེན་ཆུང་ཞིག་ནས་གོམ་པ་འགའ་ཤས་སོང་བ་དང་དེ་མ་ཉིད་ལ་མཐའ་ཡས་ Pett Level Beach … More རཧི་ནས་ཧེཡས་ཏྲིང་བར་གོམ་འགྲོད་ཀྱི་ཉམས་མྱོང།. Rye to Hastings Hiking

པིཀ་དྷིས་ཏིཀ Peak District

རི་སྐོར་སྤྲོ་འཆམ་གྱི་མྱོང་ཚོར་གསར་པ།   ས་གནས། Peak District  ཐེངས་འདིའི་རི་སྐོར་སྤྲོ་འཆམ་ནི་མཚན་གཉིས་དང་ཉིན་གཅིག་གི་རིང་ལ་དབྱིན་ཡུལ་གྱི་ས་གནས་Peak District’s Win Hill ནས LOOSE HILL Anti clock wise challenge ་བར་གཡོན་སྐོར་ཡུག་གཅིག་གི་གོམ་བགྲོད་དམ་བཅའ་སྟེ། གནས་དེར་ཕྱིན་པའི་ང་རང་གི་མྱོང་ཚོར་དང་། རི་སྐོར་ཤེས་བྱ། ཉམས་མྱོང་མདོར་བསྡུས་བཅས་དྲན་རྟེན་ཆེད་དུ་འཇོག་པར་འདོད། དེ་ལ་ཉིན་དང་པོ་སྟེ། སྤྱི་ཟླ་༥ ཚེས་དགུ་༩ བའི་ཞོགས་པའི་ཐོ་རངས་ཀྱི་དུས་སུ་ནང་ནས་ཐོན། ཆུ་ཚོད་༡༡ དང་ཕྱེད་ཀ་ཡས་མས་སུ Hope Valley ལ་འབྱོར། གནམ་གཤིས་ཚ་དྲོད་སྙོམས་ཤིང་སེམས་པ་དགའ་ལྷང་ལྷང་གི་སྣང་བ་ཤར་ལ། དེ་ནས་ཆུ་ཚོད་༡༢ ་མཚམས་ལ་རི་མགོའི་རྐང་ལམ་ལ་ཞུགས། རྐང་ལམ་སྟོད་ཀྱི་ཟམ་ཆུང་ཞིག་ནས་ཡར་ཤིང་ནགས་ཐར་ཐོར་བརྒྱུད་དེ་སྤང་རི་གཟར་པོ་ཞིག་ལ་སླེབས། དེ་ནས་ཡར་འཛེགས་སྟེ་རི་མགོའི་ལམ་མདོར་འབྱོར། ཡར་ཤར་ཕྱོགས་སུ་ཁ་ཕྱོགས་ནས་དུས་ཡུན་གང་འཚམས་ཤིག་ལ་Win hill ཞེས་པའི་ལ་འགོའི་ས་ཚིགས་དང་པོ་དེ་ལ་འབྱོར། ས་དེར་ང་དང་ངའི་ལམ་རོགས་ཇོ་བསོད་ནམས་གཉིས་ཀྱིས་དུས་ཡུན་རིང་པོ་ཞིག་ལ་ངལ་གསོས་ཏེ་ཉིན་ཟས་ལ་རོལ་བ་དང་ཆབས་ཅིག་Ladybower Reservoir ཞེས་པའི་ཆུ་མཛོད་ལ་རྒྱང་ལྟ་བྱས། ཡུལ་ལྗོངས་འདིའི་་ཡིད་འཕྲོག་པའི་མཛེས་སྡུག་དེ་ནི་ང་རང་གིས་ཡིག་ངག་གཉིས་ནས་བརྗོད་ཐབས་བྲལ། ཇི་འདྲའི་མཛེས་པ་ལ་ཨང་། དེ་རྗེས་ངེད་གཉིས་སྔར་གྱི་རི་ལམ་དེ་བརྒྱུད་ནས་མར་བྱང་ཕྱོགས་ཀྱི་རི་རྒྱུད་ཕྱོགས་སུ་བསྐྱོད། ལམ་བར་ཡུལ་ལྗོངས་ཀྱི་མཛེས་སྡུག་དང་རྣམ་པ་རྣམས་ཚིག་གིས་ལམ་ནས་བཀྲོལ་་བར་ཤིན་ཏུ་དཀའ། མཛེས་སྡུག་གི་རྣམ་པ་དེ་དག་ཚིག་གིས་ལམ་ནས་བཀྲོལ་དགོས་ན་རྒྱ་གར་གྱི་སྙན་ངག་མཁན་པོ་Javed Akhatar་1ལས་གཞན་སུས་བཀྲོལ་ནུས་ཏེ། མི་ནུས་སོ།། ཡང་ཡུལ་ལྗོངས་འདིའི་མཛེས་སྡུག་གི་བཀོད་པ་དེ་རི་མོའི་ལམ་ནས་སྤྱན་ལམ་དུ་འབུལ་དགོས་ན། སྙན་གྲགས་ཆེ་བའི་དབྱིན་ཇིའི་ཡུལ་ལྗོངས་རི་མོ་མཁན་John Constable2 ཁོ་རང་གི་མཛུབ་མོའི་སྒྱུ་རྩལ་དེ་མེད་ན་ཡུལ་ལྗོངས་བཀོད་པ་འདི་ལ་དམའ་འབེབས་་སུ་འགྱུར་སྲིད། གང་ལྟར་ངས་ཁྱེད་རྣམས་ལ་ཡིག་ངག་གཉིས་ནས་འགྲེལ་བའི་ནུས་པས་སྟོང་སོང་། དེ་བས་ཁྱེད་རྣམས་ངེས་པར་ཏུ་ལན་གཅིག་འདིར་ཕེབས་ཏེ་ཡུལ་ལྗོངས་ཀྱི་མཛེས་སྡུག་འདི་རང་སེམས་ཀྱི་མེ་ལོང་ངོར་དངོས་སུ་རི་མོར་བཀོད་ན། མི་ཚེ་་ཧྲིལ་པོ་མི་བརྗེད་པའི་དྲན་རྟེན་དུ་འཇོག་ཐུབ་ངེས། དེ་ནས་ཡང་རི་ལམ་Roman path ཞེས་པའི་ལོ་རྒྱུས་་རང་བཞིན་ལྡན་པའི་རི་ལམ་དེ་བརྒྱུད་ནས་་འགྲོ་སྐབས། ལམ་བར་ཇོ་བསོད་ནམས་ཀྱིས་win Hill … More པིཀ་དྷིས་ཏིཀ Peak District

གཞས་ཚིག { མཚོ་སྔོན་པོ}

༩/༠༢/༢༠༢༡ མཚན་མོ་རང་མལ་ནང་བྲིས་། མེཧ་དི་ཧུ་སེན་{Mehdi Hussein} ཁོང་གི་ངོས་སྤྲོད་མདོར་བསྡུས་ཤིག་ཞུས་ན་།  18.07.1927 ལོར་པ་ཀིས་ཐན་ལ་སྐུ་འཁྲུངས་།13.06.2012 ལོར་སྐུ་གཤེགས་། ཁོང་ནི་དུས་རབས་དྲུག་ཅུའི་ནང་གི་ཨུར་དུའི་ Urdu སྐད་དང་རིག་གཞུང་གི་ཁྱབ་ཚད་ཀྱི་འཇིག་རྟེན་ཡོངས་དང་རྒྱ་གར་གྱི་སྤྱི་ཆོགས་ཡོངས་ལ་དབང་གྱུར་བའི་{ Shahenshah-e-Ghazal} གྱེར་དབྱངས་སྙན་ངག་གི་རྒྱལ་པོ་ཞེས་ཆོ་ལོ་མངའ་གསོལ་བའི་གཞས་པ་རྩེ་ཕུད་ཅིག་ཡིན་། ཁོང་གིས་1969 ལོར་པ་ཀིས་ཐན་གྱི་གློག་བརྙན་ {DORAHA} ནང་སྙན་ངག་མཁན་མསུ་རུར་ཨན་ཝར་ {Masroor Anwar} 8.12.1944 Shimla India སྐུ་འཁྲུངས་།1.4.1996 ལོར་སྐུ་གཤེགས་།ཁོང་གིས་མཛད་པའི་གྱེར་དབྱངས་སྙན་ངག་{ Ghazal}  མུ་ཇེ་~ཏུམ་~ནཛར་~སེ་~གི་ར་~ཏོ་~རཧི་ཧོ་།།་་་་་་་་་་་ཁྱེད་ང་ལ་སྣང་མེད་གཏོང་གི། མུ་ཇེ་~ཏུམ་~ཀབྷི་~བྷི་~བུ་ལ་~ན་~སཀོ་གེ །   ནམ་ཡང་ཁྱེད་ཀྱིས་ང་བརྗེད་མི་ཐུབ།། ཞེས་པ་དེ་གཟིགས་མོའི་ལམ་ནས་གློག་བརྙན་ནང་འཁྲབ་སྟོན་སྤྱན་བསྟར་མཛད་། དེ་ནས་བཟུང་དུས་ད་ལྟའི་བར་དུས་རབས་ཀྱི་སྙན་ངག་མཁན་དང་གྲགས་ཅན་གཞས་པ་གཞས་མ་གློག་བརྙན་སྒྱུ་རྩལ་མཁན་བརྒྱ་ཕྲག་མང་པོས་དེའི་ནང་ནས་དམིགས་བསལ་གཞས་པ་གཞས་མ་གྲགས་ཅན་Asha Bhosle,Jagjit Sigh,Chitra Sigh ལ་སོགས་པའི་གྱེར་དབྱངས་སྙན་ངག་འདི་དབྱངས་སུ་ལེན་ཡོད་། དེ་དག་གི་ཉེར་ལེན་ལས་གྱེན་དབྱངས་སྙན་ངག་འདི་ད་ལྟའང་རང་གི་ཉམས་དྭངས་དབྱངས་མི་ཉམས་གསོན་པོར་གནས་ཡོད་། གྱེར་དབྱངས་སྙན་ངག་འདི་གྲགས་ཅན་གཞས་པ་གཞས་མ་ལམ་ཕྲང་སྤྲང་པོ་སོགས་སུ་འདྲ་ཞིག་གིས་དབྱངས་སུ་ལེན་རུང་གདོད་མེད་ངག་དབྱངས་ཀྱི་ཉམས་མི་གྱུར་བར་བྲོ་བ་གསོན་པོ་ལྡན་པ་སུས་སྣ་བའི་བུ་གར་ཐོགས་ནའང་རང་དབང་མེད་པར་ཡིད་དབང་འཕྲོག་སྟེ་གྱེར་དབྱངས་དེའི་ནང་སིམ་པར་གྱུར་། དེ་ལ་ཡིད་སྨོན་མ་བྱེད་མཁན་སུ་ཡང་མེད་། དེ་ནི་གྱེར་དབྱངས་དེའི་སྙན་ངག་མཁན་གྱི་ཚིག་དང་གྱེར་ལེན་པའི་ངག་གི་འགྱུར་ཁུག་གི་བྱིན་རླབས་སམ་གྱེར་དབྱངས་སྙན་ངག་འདི་ལ་སྲོག་དྲོན་མོ་བཞུགས་ཡོད་པ་བདེན་དཔང་ངང་གིས་བསྒྲུབས་། བརྗོད་བྱ་དེ་ལས་འཕྲོས་ཏེ་རང་ཅག་ཁ་བ་རི་པའི་སྙན་ངག་གམ་གཞས་ཀྱི་རིག་གཞུང་རྒྱ་མཚོའི་ཀློང་གི་ནང་ནས་ནོར་བུའི་གཙུག་རྒྱན་དམ་པ་རྟོག་སད་པ་དོན་གྲུབ་རྒྱལ་ལགས་ཀྱིས་བརྩམས་གནང་བའི་མི་རིགས་རང་བཞིན་གྱི་སྙན་ངག་གི་ཉམས་།མི་རིགས་གཤིས་ལུགས་བརྗོད་ཐུབ་པ་།མེས་པོའི་ལོ་རྒྱུས་འགྲེལ་ཐུབ་པ་།མདོང་དམར་མི་རིགས་ཀྱི་མངོན་འདོད་མངོན་ཐུབ་བའི་གསོན་ཉམས་ལྡན་པའི་གཞས་ཚིག་{ མཚོ་སྔོན་པོ་} ཞེས་ནོར་སྐལ་རིན་ཐང་བྲལ་བ་ཞིག་བཞག་འདུག །་དུས་རབས་ཀྱི་གཞས་མ་གྲགས་ཅན་ཟླ་སྒྲོན་ལགས་ནས་མི་རིགས་གཞན་པའི་དྭངས་དབྱངས་འགྱུར་ཁུག་གི་གཟབ་མཆོར་ལེགས་པར་སྤྲོས་ཏེ་བཙན་གྱིས་{ མཚོ་སྔོན་} དབྱངས་སུ་ལེན་འདུག་སྟེ་། ཡིནའང་མི་རིགས་རང་བཞིན་གྱི་བྲོ་རོས་གཏམས་པའི་གཞས་ཚིག་འདི་སྣ་བར་ལྷག་པར་བསུན་པར་བྱེད་པའི་རྐྱེན་ལ་གྱུར་། དེ་མ་ཚད་ཕུལ་འབྱུང་གི་གཞས་ཚིག་འདི་གཞས་པ་གྲགས་ཅན་ཀུན་དགའ་ལགས་ཀྱིས་ཀྱང་ནེ་ཙོར་མི་སྐད་བསླབས་པ་ལྟ་བུས་ཉམས་འགྱུར་ཅི་ཡང་མེད་པ་ཞིག་བཏང་བའི་ངལ་བ་བརྩལ་། ད་དུང་གཞས་པ་གཞས་མ་མང་དག་ཅིག་གི་མིའི་ལད་མོ་སྤྲེའུ་བྱས་ཟེར་བ་ལྟར་ཕུལ་འབྱུང་གི་གཞས་ཚིག་{མཚོ་སྔོན་མོ་}འདི་དབྱངས་སུ་ལེན་འཁུལ་མཛད་ནའང་གཞི་ཆུ་འགོ་སྒང་ནས་བསྙོགས་ཚར་དུས་ཕྱི་རབས་ཀྱི་གཞན་པ་གཞས་མ་རྣམས་ཀྱི་གཞས་འདི་ལ་བྲོ་བ་སྲེ་ཐུབ་མིན་འདུག་། དེ་ནི་ཁྱེད་རྣམས་ལ་ཐུགས་ཀ་མ་མཆིས་། གལ་ཏེ་སྙན་ངག་མཁན་དམ་པ་དོན་གྲུབ་རྒྱལ་འཚོ་བཞུགས་ཡོད་ཚེ་ཁོང་ཉིད་ནས་གཞས་དེ་དག་རྣ་བས་ཐོས་ན་སླར་གཞས་ཚིག་མི་བརྩམས་འགྱུའི་ཐ་ཚིག་བསྒྲགས་པར་ངེས། འཆར་སྣང་ཇུས་བཀོད་དམ་པ་དོན་གྲུབ་རྒྱལ་གྱི་གཞས་ཚིག་{ མཚོ་སྔོན་པོ་} དེ་ དུས་རབས་ཀྱི་དུང་ལེན་པ་གདུ་བྷེ་ལགས་ཀྱི་མགྲིན་དབྱངས་ཀྱི་འགྱུར་ཁུག་དང་གྲགས་ཅན་གཞས་པ་བཀྲས་ཆུང་ལགས་ཀྱི་སྒྲ་སྙན་རྟ་མགྲིན་དབང་རྒྱལ་གྱི་རྒྱུད་སྐུད་མཉམ་པོར་འགྲོགས་ནས་དབྱངས་སུ་གྱེར་ཡོད་ན་ད་གཟོད་{མཚོ་སྔོན་པོ་}འཆི་མེད་ཚེ་རིང་གི་དངོས་གྲུབ་ཐོབས་ཏེ་མཚོ་སྔོན་པོའི་རྒྱ་ལས་གྲོལ་ཏེ་མི་རབས་ནས་མི་རབས་མི་རིགས་ཀྱི་འཕར་ལྡིང་གི་སེམས་ཁམས་ནང་མཚོ་སྔོན་པོའི་གཞས་ཀྱི་བག་ཆགས་གསོན་པོ་ཞིག་བཞག་ཐུབ་ངེས་། མཇུག་སྡོམ་དོན་གྲུབ་རྒྱལ་གྱི་གཞས་ཚིག་མཚོ་སྔོན་པོ་ད་ཆ་ཤི་མ་གསོན་གྱི་གནས་སྟངས་འོག་གནས་འདུག་པས་སྙན་ངག་མཁན་གྱི་ལས་འགན་འཐུས་ཚང་གྲུབ་ཟིན་འདུག་སྟེ་གཞས་པ་གཞན་མ་ང་ཡིན་ཁོ་ཡིན་རྣམས་ནས་གཞས་ཚིག་འདི་གསོན་པོར་འཚོ་བར་རམ་འདེགས་ཅང་བྱུང་མེད་པར་སྙམ་༎ དམ་པ་དོན་གྲུབ་རྒྱལ་ལ་གཞས་པ་གྲགས་ཅན་མེཧ་དི་ཧུ་སེན་ལྟ་བུ་ཞིག་ལས་སྐལ་ལ་མི་ཐོབ་པ་ཅི་ཡིན་ནམ་། ཁོང་གི་བསོད་ནམས་ཀྱི་ཚོགས་མ་སྨིན་ནམ་ཡང་ན་དག་ཅག་གི་སྤྱི་མཐུན་ལས་མ་རྫོགས་སམ་།