མཆོད་རྟེན་བྱ་རུང་ཁ་ཤོར་བགྲོད་པའི་ལམ་ཡིག།

མཆོད་རྟེན་བྱ་རུང་ཁ་ཤོར་བགྲོད་པའི་ལམ་ཡིག།

ལམ་ཡིག་འདི་རྩ་རི་གནས་སྐོར་ལམ་ཡིག་གམ་ཆག་ལོ་ཙ་བའི་ལམ་ཡིག་ལས་ཏོག་ཙམ་ཁྱད་པར ཡོོད།

འགྲོ་བ་པོའི་དམིགས་པ་དང་དད་པ་ལ་ཁྱད་པར་མ་མཆིས་རུང། འགྲོ་སྟངས་ཀྱི་ཆ་ནས་ཁྱད་པར་ཡོད། 

འགྲོ་སྟངས་གང་འདྲ་ཞེ་ན། གནས་སྐོར་བ་དངོས་དཀྱིལ་འཁོར་རམ་ཞལ་ཡས་ཁང་གི་རྟ་བབ་ནང་བཞུགས་བཞིན་གོམ་པས་སྐོར་ལ་བསུ་དགོས། གནས་སྐོར་བ་གནས་གཞི་ངོས་བུའུ་དྷ་ལ་སླེབས་ཟིན། 

གཞུང་ལམ་འགག་སྒོའི་མདུན་ནས་མཆོད་རྟེན་དངོས་མཇལ། ད་ལྟ་རང་ཉིད་ནུབ་བྱང་མཚམས་༢༠༠་ཕྱོགས་ན་ཡོད། གནས་གཞི་ངོས་མཆོད་རྟེན་གཞུང་ལམ་ཆེན་པོའི་འགྲམ་ན་ལག་གཡོན་ན་རྡོ་བྱེ་བཟོས་པའི་རྒྱ་སྒོ་དཔངས་མཐོ་ཚད་མི་ཏྲར་༡༠་ལྷག་་གཡས་གཡོན་གྱི་ཁང་དམར་་ཐོག་རྩེགས་གསུམ་ཅན་གྱི་ཉིས་རྩེགས་བར་ཐུག རྒྱ་སྒོའི་ཐོག་རྒྱ་འཕིབས་ཀྱི་སྟེང་འབྲུག་ཁ་སྤྲོད་དཀྱིལ་ལ་མཆོད་རྟེན་ཆུང་ཆུང་གཅིག མཐའ་གཉིས་ལ་འབུམ་ཟུང་གིས་བརྒྱན་པ།

རྒྱ་སྒོའི་ཀ་བའི་གཞོག་གི་འབུར་བརྐོས་གཡས་གཡོན་ལ། བཀྲིས་པའི་མཚན་མ་རི་མོ་འབུར་བརྐོས་འཕྲེད་ལ་བཞི་བཞིས་དེའི་འོག་རྡོ་རྗེ་བརྒྱ་ཀྲམ། ཀ་བའི་གཞོག་ཕྱིའིགཡས་གཡོན་ལ་ཟླུམ་སྒོར་ཀ་ཕྱེད། དེའི་སྟེང་ལ་སེང་གེ་མཆེ་བ་རྩིགས་པ་གཉིས། ནང་གི་ཀ་བའི་གཞོག་ལ་ཕྱིའི་འབུར་རྐོས་རི་མོ་་ཅིག་ཚུངས་མཆིས། རྒྱ་སྒོའི་རྒྱ་འཕིབས་དང་ཀ་བ་ནང་མའི་བརྐོས་པ་ནི་པད་ཕྱེད་བཀོད་པའི་སྟེང་ཛིན་བག་ཆུ་སྲིན་ཁ་ན་འབྲུལ་འབྲུལ་གི་མགོ་མཇུག་གཉིས་ལག་གཉིས་ཀྱིས་བཟུང་། དེའི་འོག་ན་འབྲུག་ཆུང་ཟུང་། དེ་ནས་ཡར་

 རྒྱ་སྒོའི་མཚམས་ནས་མཆོད་རྟེན་འདི་ཕྱོགས་གཞལ་སྐབས་ས་ངོས་སྙོམ་ཐིག ནུབ་བྱང་གི་༣༤༤་ལ་འདུག རྒྱ་སྒོའི་ནང་མར་ཞལ་ལ་རྡོ་གཅལ་འགྲུ་བཞིས་ཕི་ཀྲི་གཅིག་དང་ལྷག་གི་རྡོ་ལེབ་སྒྲིག་འདུག རྡོ་གཅལ་དེ་ནས་ཡར་གོམ་༨༧་། ཕི་ཀྲི༨༥ས་༩༠་མཚམས་ལ་མཆོད་རྟེན་གྱི་རྟ་བབ་དང་པོ་ལྕགས་རིས་ཕྱོགས་གཉིས་ནས་མཐུད་མཚམས་རྟ་བབ་གཞོག་རྡོ་བྱེ་རྩིགས་པ་རྒྱང་ལ་ཤིང་གི་འབུར་བརྐོས་རི་མོའི་སྒོ་གཉིས་ལ་བཀྲིས་རྟགས་བརྒྱད་ཀྱིས་བརྒྱན་པ།

རྟ་བབ་མདུན་ངོས་ལ་ZINPA་འཛིན་པའི་རི་མོས་བརྒྱན་པ། རྟ་བབ་སྟེང་ཐོག་ལ་མཆོད་རྟེན་གྱི་གཟུགས་འདྲ་བའི་ཏོག་གསུམ་ཡོད། རྟ་བབ་མདུན་ངོས་ལ་རྡོའི་མཆོད་རྟེན་མི་ཀྲིར་གཉིས་ཙམ་མཆོད་རྟེན་འབུམ་པའི་མཚམས་ན་སྟོན་པའི་སྐུ་ཕི་ཀྲི་གཅིག་ཙམ་ཕྱོགས་བཞི་ལ་སྐུ་རེ་རེར་ཡོད་པ་ཞིག་འདུག་

སྐུ་དེ་ཡང་ཤར་གྱི་ཕྱོགས་ཀྱི་ཁྲུ་གང་མ་འདི་སློབ་དཔོན་ཀླུ་སྒྲུབ། རྟ་བབ་འདི་གཞུང་སྒོ་ངོ་མའི་མཚམས་ན་རྟ་བབ་དང་པོ་ཁ་ལྷོ་ནུབ་༢༠༠་ལ་ཕྱོགས་ཡོད། དེའི་ཟུར་རང་ལ་དབྱེན་དུམ་མཆོད་རྟེན

དེ་ནས་རྩིགས་མཚམས་དང་པོ་ནས་སྐོར་ར་འགོ་བཙུགས་ནས་རྩིགས་པ་དཔངས་ཕལ་ཆེར་ཕི་ཀྲི་༨་ལྷག་རྩིགས་ཞེངས་ཕི་ཀྲི་༢ནས་༣་ཚོད་དཔག་བྱས། ལྕགས་རི་དེའི་སྟེང་མ་ལ་མཆོད་རྟེན་བྱད་གཟུགས་ཀྱི་ཏོག་ཕི་ཀྲི་༢་ཙམ་རྒྱང་ཕྲག་མི་ཀྲར་༢་མཚམས་ན་ཏོག་རེ་རེས་རྟ་བབ་དང་པོའི་རྩིགས་ཟུར་ནས་རྩིགས་མཐའ་བར་ཏོག་༨་བརྒྱན་འདུག  

༡་རྩིགས་གཞོག་ལ་ཕི་ཀྲི་གཉིས་ལྷག་གི་མི་ནི་ལག་འཁོར་གྱི་ཤིང་སྒྲོམ་༨་དང་མདུན་ལྕགས་ཀྱི་དྲ་བ་འཁེབ་པ་དེའི་ནང་མི་ནི་ལག་འཁོར་ཕི་ཀྲི་གཅིག་ཙམ་བྱས་པ་ལྔ་རེ་རེ་འདུག

ལྕགས་རི་དང་པོ་ཟུར་ཕྱི་ལ་གཟུགས། 

༢་ ལྕགས་རི་གཉིས་པ་གོང་བཞིན་མཚམས་མཐུད། ཏོག་༡༠་དང་མི་ནི་རྩིགས་གཞོག་ཤིང་སྒྲོམ༡༡་དེའི་ཤིང་སྒྲོམ་གཅིག་གི་ནང་མི་ནི་ལག་འཁོར་༥་རེ་རེ།

༣ ལྕགས་རི་གསུམ་པ་དང་བཞི་པའི་མཐུད་མཚམས་ལ་མཆོད་རྟེན་གྱི་རྣམ་པ་ཡིན་པ་ནང་ཁུངས་དམིགས་ཕི་ཀྲི་༢་ཙམ་བྱས་པ་ཞིག ཁ་ལྷོ་ནུབ་༢༣༢་མཚམས་ལ་ཕྱོགས་པ་རྒྱལ་ཆེན་བཞིའི་ཡ་གྱལ་རྒྱལ་ཆེན་སྤྱན་མི་བཟང་ཕྱག་གཡོན་པས་མཆོད་རྟེན་དང་གཡས་པས་འབྲུལ་བརྣམས། མདུན་སྐོར་ལམ་མཚམས་ན་Tibet trade house/ Khasyor cafe ཡོད། 

མཆོད་རྟེན་ལྕགས་རིའི་ཟུར་ཕྱི་ལ་གཟུགས། 

༤་ མུ་མཐུད་རྩིགས་མཚམས་ལྕགས་རི་བཞི་པ་ལ་ཏོག་༨་དང་མི་ནི་ཤིང་སྒྲོམ་༩་དང་དེའི་ནང་མི་ནི་ལག་འཁོར་༥་རེ་རེ། ཟུར་གསུམ་པ་ཕྱི་ལ་གཟུགས།

༥་ ལྕགས་རི་ལྔ་པར་ཏོག་༨་དང་མ་ནི་སྒྲོམ་༩་དེའི་ནང་མ་ནི་༤་རེར། དེའི་མཚམས་ལ་རྟ་བབ་གཉིས་པ་ཁ་ནུབ་བྱང་༢༨༦་ལ་ཕྱོགས་པ་རྒྱ་མི་ཀྲར་༣་ཙམ་ཤིང་བརྐོས་སྒོ་ཟུང་སྟ་འབབ་སྟེང་མ་ལ་ཏོག་༣། 

དེའི་མདུན་རང་ལ་མཆོད་རྟེན་དཀར་པོ་ཕི་ཀྲི་༡༠་ཙམ་བྱས་པ་ཞིག་སྒོ་བཀག་པའི་རྣམ་པ་འདུག རྟ་བབ་གཡས་གཡོན་ལ་རྩིགས་གཞོག་ལ་མ་ནི་ལག་འཁོར་དཔངས་ཕི་ཀྲི་༢་ཙམ་ཕྱི་ལ་མངོན་པ་ཞིག་འདུག འདི་ཟུར་བཞི་པ་ཕྱི་ལ་གཟུགས

༦་ ལྕགས་རི་དྲུག་པ་རྟ་བབ་གཡོན་ནས་མཚམས་མཐུད་ཏོག་༩་དང་མ་ནི་ཤིང་སྒྲོམ་༩་དེའི་ནང་མི་ནི་ལག་འཁོར་༥་རེར།

༧་ ལྕགས་རི་བདུན་པ་ཏོག་༩་དང་མ་ནི་ཤིང་སྒྲོམ་༩་སྒྲོམ་རེར་ལག་འཁོར་༤་། དེའི་མཐུད་མཚམས་རྒྱལ་ཆེན་རྣམ་ཐོས་སྲས་ཕྱག་གཡོན་རྒྱལ་མཚན་དང་གཡས་ནེའུ་ལེ་སྣོམ་པ་ནུབ་བྱང་༣༢༢་ལ་ཕྱོགས་པ། དེའི་མདུན་ངོས་ལBuodha stupa view guet house/ Sonam Classic Arts ཡོད། འདི་ཟུར་ལྔ་པ་ཕྱི་ལ་གཟུགས།

༨་ ལྕགས་རི་བརྒྱད་པ་ཏོག་༡༡་མ་ནི་ཤིང་སྒྲོམ་༡༡་། ཤིང་སྒྲོམ་རེར་མ་ནི་ལག་འཁོར་༤་རེར། འདི་ཟུར་དྲུག་པ་ཕྱི་ལ་གཟུགས།

༩་ ལྕགས་རི་དགུ་པ་ཏོག་༥་མ་ནི་ཤིང་སྒྲོམ་༦་མ་ནི་ལག་འཁོར་༤་རེར། དེའི་གཡོན་མཚམས་ན་མཆོད་རྟེན་ནང་མར་བཞུགས་རྒྱུའི་རྩིགས་མཚམས་སྒྲེས་ནས་སྒོ་ཤིང་གི་འབུར་བརྐོས་བྱས་པ་རྒྱ་ཆེ་ཙམ་ཞིག་འདུག རྒྱ་སྒོ་ཏོག་༡་འདི་ནས་ཡར་མཆོད་རྟེན་ནང་མར་ད་ལྟ་འགྲོ་ཆོག་གི་འདུག དེའི་རྒྱས་བཤད་མཆོད་རྟེན་ནང་མའི་སྐབས་ཞུ་ཆོག རྒྱ་སྒོ་གཡོན་ཕྱོགས་སུ་མ་བྱ་རྫི་མའི་ལྷ་ཁང་རྒྱབ་མཆོད་རྟེན་ལ་བརྟན་པ་ཆེན་པ་རང་མེད་པ་མདུན་སྒོ་གཡས་གཡོན་ལ་རྡོའི་སེང་གེ་གཉིས་འཆོང་ཆོག་ཆོག་ཞིག ལྷ་ཁང་གི་ཐོག་རྒྱུ་རག་ལས་གྲུབ་པ་གནའ་བའི་བཀོད་པ་རྒྱ་འཕིབས་ཡོད་ཞིག་གིས་འཁྱེབ་འདུག ལྷ་ཁང་ཁ་བྱང་༤་ཕྱོགས་པ་མདུན་ལ་གུ་རུའི་ལྷ་ཁང་ཡོད། དེ་དང་མཉམ་དུ་མ་ནི་ལག་འཁོར་ཕི་ཀྲི་༤་ཙམ་བྱས་པ་སྒོའི་ཕྱོགས་གཡས་གཡོན། ལྷ་ཁང་གི་སྒོ་ལྕགས་ཀྱི་དྲྭ་དམིགས། ལྷམ་འཕུད་ནས་ཡར་སྐས་འཛེགས་འཛེགས་ནས་ནང་མར་བཞུགས། ནང་ཁང་དམིགས་གུ་དོག་པོ་ཆུང་ཆུང་ཞིག་གི་ནང་མདུན་ངོས་ལ་མ་བྱ་རྫི་མི་སྲུང་མ་སྐུ་འདྲ་ཕི་ཀྲི༢་ཙམ་བྱས་པ་རྒྱུ་དངུལ་ལས་གྲུབ་པ་དངུལ་མདོག་བཟོ་བཀོད་ལེགས་པ་མཐོང་བ་འདོད་དོན་བྱི་པའི་བྱད་གཟུགས་ཀྱི་རྣམ་པ་ཡིན་པ་ཞལ་ནས་རྒྱུ་མ་འཐེན་པ་ཞིག་མཇལ་རྒྱུ་འདུག དེའི་ཟུར་ཞིག་ལ་གྲྭ་པ་ཞིག་གིས་འཕྲིན་བཅོལ་འདོན་པ་དང་དེ་ལ་མཆོད་མཇལ་བ་རྣམས་ནས་ཕྱག་འཚལ་བ་སྨོན་ལམ་འདེབས་མཆོད་མེ་སོགས་འབུལ་བར་བྱེད། དེའི་གཡོན་ཕྱི་ཕྱོགས་ལ་མཆོད་རྟེན་ནང་མར་བཞུགས་རྒྱུའི་འཛུལ་སྒོ་ཡོོད། ལྷ་ཁང་འདི་གཡས་དང་གཡོན་གཉིས་ལ་མཆོད་རྟེན་ནང་མར་བཞུགས་རྒྱུའི་སྒོ་ཡར་འཛུལ་སྒོ་དང་མར་ཕྱིར་ཐོན་སྒོ་གཉིས་ཡོད། 

ལྷ་ཁང་འདི་ཟུར་བདུན་པ་ཕྱི་ལ་གཟུགས་པའི་རྣམ་ཡོད།

༡༠་ ལྕགས་རི་བཅུ་པའི་ཏོག་༦་དང་མ་ནི་ཤིང་སྒྲོམ་༦་དེའི་ནང་མར་མ་ནི་ལག་འཁོར་༤་རེར། འདི་ཟུར་བརྒྱད་པ།

༡༡་ ལྕགས་རི་བཅུ་གཅིག་ཏོག་༡༡་དང་མ་ནི་ཤིང་སྒྲོམ་༡༢་མ་ནི་༤རེར། དེའི་མཐུད་མཚམས་ལ་རྒྱལ་ཆེན་མཆོད་རྟེན་རྒྱལ་ཆེན་ཡུལ་འཁོར་སྲུང་ཕྱག་གཡས་གྲ་སྙན་ཏམ་བུ་ར་འཛིན་པ་ཞིག་མཇལ། བྱང་ཤར་༤༤་ལ་ཁ་ཕྱོགས་ཡོད། དེའི་མདུན་ངོས་ལ་Deepjyoti thangka school ཡོད།  འདི་ཟུར་དགུ་པ་ཕྱི་ལ་གཟུགས།

༡༢་ ལྕགས་རི་བཅུ་གཉིས་ཏོག་༡༠་དང་མ་ནི་ཤིང་སྒྲོམ་༡༠་མ་ནི་༤་རེར། དེ་བྱང་ཤར་༤༠་མཚམས་ཀྱི་ཟུར་བཅུ་པ་འདི་ཁ་ནང་ལ་ཕྱོགས་ཡོད། དེའི་མདུན་ངོས་ལ་Himalaya Cafe. Start point way to Phulbari Chok road left side.

༡༣་ ལྕགས་རི་བཅུ་གསུམ་ཏོག་༥་དང་མ་ནི་ཤིང་སྒྲོམ་༥་དང་མ་ནི་༤་རེར། དེའི་ཟུར་ཕྱི་ལ་གཟུགས།

༡༤་ ལྕགས་རི་བཅུ་བཞི་པ་ཏོག་༤་དང་མ་ནི་ཤིང་སྒྲོམ་༥་དང་མ་ནི་༤་རེར། དེའི་མཚམས་ན་རྟ་བབ་བཞི་པ་ཤར་༩༣་ལ་ཕྱོགས་པ་། ཤིང་འབུར་བརྐོས་སྒོ་རི་མོ་བྱ། ཕག ཁྱི། རྟ། བརྒྱན་པ།རྟ་བབ་སྟེང་ཏོག་གཅིག་མ་ཞིག་ཡོད། དེའི་མདུན་ངོས་ལ་Naya craft/ Tipling dragon house.ཡོད།

༡༥་ ལྕགས་རི་བཅོ་ལྔ་པ་ཏོག་༥་་མ་ནི་ཤིང་སྒྲོམ་༥་སྒྲོམ་རེར་ནང་མ་ནི་༤་རེར། ལྷོ་ཤར་༡༢༢་ལ་ཕྱོགས་པ་དེའི་ཟུར་ནང་ལ་ཕྱོགས་ཡོད།་དེའི་མདུན་ངོས་ལTashi kitchen ཡོད།

༡༦་ ལྕགས་རི་བཅུ་དྲུག་ཏོག་༡༤་དང་མ་ནི་ཤིང་སྒྲོམ༡༥་རེར་མ་ནི་༤་རེར། དེའི་མཚམས་ན་རྒྱལ་ཆེན་མཆོད་རྟེན་འཕགས་སྐྱེས་པོ་ཕྱག་ལ་རལ་གྲི་སྣོམ་པ་ཞིག་མཇལ། འདི་ལྷོ་ཤར་༡༤༩ ཁ་ཕྱོགས་པ། མདུན་ངོས་ལ་Persian Arts/la capita bar ཡོད། ཁང་ཆེན་དེའི་བར་ན་བའུ་དྷ་ལམ་ཆེན་ལ་འགྲོ་རྒྱུའི་སྲང་ལམ་མི་ཀྲ་༢་ཙམ་བྱེད་པ་ཞིག་ཡོད།

༡༧་ལྕགས་རི་བཅུ་བདུན་པ་ཏོག་༡༡་དང་མ་ནི་ཤིང་སྒྲོམ་༡༡་དེའི་ནང་མི་ནི་༤་རེར་ཡོད།

༡༨་ལྕགས་རི་བཅོ་བརྒྱད་ཏོག་༥་མ་ནི་ཤིང་སྒྲོམ་༦་ཤིང་སྒྲོམ་རེར་མ་ནི་༤་རེར། དེའི་མཚམས་ནས་རྟ་བབ་དང་པོའི་རྩིགས་པ་ལ་ཐུག

སྐོར་ལམ་ཞལ་ལ་རྡོ་གཅལ་གྲུ་བཞི་མ་ཕི་ཀྲི་༩་ཙམ་དང་། དེའི་མཚམས་ནས་ཆུ་ལམ་ཡུར་བ་ཕི་ཀྲི་༢་ཙམ། དེའི་མཚམས་ནས་ས་ཕག་དམར་པོས་ཞལ་ལ་ཕི་ཀྲི་༢༠་ཟུར་འགའ་ཤས་ལ་ཕི་ཀྲི་དེ་ལས་ཉུང་བ་འདུག

(ལྷོ་ཤར་༡༡༣་མཚམས་མདུན་གྱི་ཁང་ཆེན་མིང་Tara Oriental Store འོག་བུབ་ལམ་འདྲ་བ་ནས་ཡར་འཛུལ་ན་བོད་པའི་འདུ་འཛོམས་བྱེད་ས་སྐད་གྲགས་ཡོད་པ་མིང་ཇ་ཁང་རིང་པའམ་ཇུས་གཏོགས་རྐུབ་ཀྱག་དེ་ནང་ཡོད།) འདི་ཤར་སྒོའི་ཕྱོགས་ན་ཡིན།

Inner circle

མཆོད་རྟེན་ནང་མར་ཡར་བྱ་རྫི་མའི་ལྷ་ཁང་གཡོན་སྒོ་ནས་འཛུལ་དགོས།

མཆོད་རྟེན་ནང་མའི་སྐོར་ལམ་གྱི་ངོ་བོ་བཤད་པ་རྟ་བབ་དང་པོའི་ནང་ལོག་སྒོ་ཕྱེ་ཡ་མིན་འདུག་སྒོ་ལྕགས་རྒྱབ་འདུག དེའི་ཟུར་ལ་མཆོད་རྟེན་ཀྱི་རྣམ་པ་ཡིན་པ་མི་ཀྲ་གང་ལྷག་བྱེད་པ་མཆོད་རྟེན་ལྔ་བསྟར་བསྒྲིགས་ནས་འདུག མཆོད་རྟེན་འདི་གང་ཡིན་བཤད་ཚོད་ཐིག་མ་སོང་། སང་ཉིན་དེར་སླར་སོང་སྟབས་འཁྱེལ་བ་ཞིག་ལ་མཆོད་རྟེན་ལྔ་པོ་དེའི་ཟུར་ཞིག་ལ་ཨ་ནི་ལ་ཞིག་འབུམ་ཀློག་བཞིན་འདུག ཨ་ནི་ལགས་ལ་བཀའ་དྲིས་ཞུས་པས་ཨ་ནི་ལགས་ནས་འགྲེལ་བཤད་ལ་ཁོ་མོ་ལོ་སྔ་མ་འདིའི་མདུན་ལ་ཡོན་ཆབ་ཕུལ་བའི་སྐབས་ཤིག་ལ་བླ་མ་ཞིག་གིས་དེའི་སྐོར་ལ་འགྲེལ་བཤད་དེ་ལྟར། མཆོད་རྟེན་བསྟར་བསྒྲིགས་པ་གཡས་ནས་བརྩིས་ན་དང་པོ་འདི་བོད་རྒྱལ་བཙན་པོ་ཁྲི་སྲོང་སྡེའི་བཙན། གཉིས་པ་སྲོང་བཙན་སྒམ་པོ། གསུམ་པ་མ་བྱ་རྫི་མ། བཞ་ི་པ་བི་རུ་རྩ་ན། ལྔ་པ་གུ་རུ་རིན་པོ་ཆེའི་དྲན་རྟེན་མཆོད་རྟེན་ཡིན་པར་འགྲེལ། ཁོ་མོས་སླར་གསུང་དོན་དེ་ངས་དྲན་ཚོད་ཙམ་ཡིན། ཡིན་མིན་ཡིག་ཆ་འཚོལ་བ་དང་སྒོ་རིམ་ཡང་ངེས་པ་མེད་བཅས་གསུངས།

༡་མཆོད་རྟེན་ནང་མའི་ཤར་ཕྱོགས་ལ་མཆོད་རྟེན་དཔངས་ཕི་ཀྲི་༣༠་ཙམ་བྱེད་པ་མཆོད་རྟེན་ཨ་མའི་དབྱིིབས་འདྲ་བ་གྲུ་བཞིའི་ཆོས་འཁོར་༡༣་དེའི་ཏོག་ལ་ནོར་བུ་བྱེད་པ་ཞིག

༢་དེའི་མཚམས་ལ་དབེན་འདུམ་མཆོད་རྟེན་ཕ་ཀྲི་༥་ཙམ་བྱེད་པ་ཞིག

༣་དེའི་མཚམས་ལ་ཆོ་སྤྲུལ་མཆོད་རྟེན་ཕི་ཀྲི་༤་ཙམ་བྱེད་པ་ཞིག

༤་དེའི་མཚམས་ལ་ཟླུམ་སྐོར་ཆོས་འཁོར་༡༣་ཁ་མཆོད་རྟེན་ལ་ཕྱོགས་འབུམ་པའི་མཚམས་ཀྱི་ཁུངས་དམིགས་ལ་ན་རོ་པའི་སྐུ་འདྲ་ཆུང་ཆུང་ཡོད་པ།

༥་དེའི་མཚམས་ལ་ཁང་བརྩེགས་མཆོད་རྟེན་ཏོག་རྒྱལ་མཚན་བྱེད་པ་བཅས་མཆོད་རྟེན་༥་སྟར་བསྒྲིགས་ནས་འདུག

མཆོད་རྟེན་འགྲུབ་པ།

༡་དང་པོ་ས་གཞི།

༢་གཉིས་པ་སྟེགས་བུ་བང་རིམ་གསུམ།

སྟེགས་བུ་བང་རིམ་དང་པོ་ལ་གོམ་པས་གཞལ་ན་གོམ་པ་༦༤་དེ་ཕྱོགས་བཞི་ཀ་གཅིག་ཚུངས་ཡོད།

སྟེགས་བུ་དང་པོ་ནས་གཉིས་པར་ཡར་འཛེག་སྐས་འཛེགས་༡༡། སྐས་འཛེག་གཡས་གཡོན་ལ་མཆོད་རྟེན་རྣམ་གཉིས་ཕི་ཀྲི་༡༠་ཙམ་བྱེད་པ། དེའི་ནང་མཚམས་ལ་གླང་ཆེན་བྱད་གཟུགས་གཉིས།

གཡོན་པའི་གླང་ཆེན་སྟེང་སྐྱེད་པ་གཡས་ལག་ལ་རལ་གྲི་ཕྱར་བ་གཡོན་པས་ཕུབ་ཐོག་པ།

གླང་ཆེན་གཡས་པའི་སྟེང་ལ་བུད་མེད་རྣམ་པ་ཕྱག་ཟུང་གིས་མེ་ཏོག་ཟུང་བ་གཉིས་ཀ་བྱང་ཤར་པ་ཁ་ཕྱོགས་པ།

སྟེགས་བུ་བང་རིམ་དང་པའི་ཟུར་བཞི་ལ་མཆོད་རྟེན་ཐོ་ཚད་ཕལ་ཆེར་ཕི་ཀྲི་༡༢་ཙམ་མཆོད་རྟེན་བཞི་རེ་དེའི་ལྕགས་རི་ཟུར་ལ་རྒྱལ་ཆེན་རིགས་བཞི་ཡོད།

༣་གསུམ་པ་བུམ་གདན་རིམ་པ་གཉིས་ཅན།

༤་བུམ་པ། བུམ་པ་འདི་སླ་ང་རྒྱ་ཆེན་པོ་ཁ་བུབ་ལྟ་བུ་ཞིག་ཡོད།

༥་བྲི་གདན།

༦་བྲི། བྲི་མདུན་ངོས་ལ་སྤྱན་ཟུང་དཀྱིལ་མ་ལ་གདུང་འཁྱིལ་འདྲའི་རི་མོ་(འདི་ནི་བལ་ཡུལ་ནང་གི་མཆོད་རྟེན་མང་ཆེ་བར་རི་མོ་འདི་མངོན། རྒྱ་གར་འཕགས་པའི་ཡུལ་ནང་བསྟན་འབྱུང་ངས་མཆོད་རྟེན་བྲི་ལ་མིག་ཡོད་ཧ་ལམ་མ་མཇལ། སྐབས་ཤིག་ལ་ཕྱི་རྒྱལ་བ་ཡུལ་སྐོར་སྤྲོ་འཆམ་པའི་སྣེ་ཤན་པ་ཞིག་གི་དེ་ལྟར་འགྲེལ། བྲེ་ཡི་སྤྱན་ཟུང་འདི་སྤྱན་རས་གཟིགས་ཀྱི་རྙིང་རྗེས་གཟིགས་པ་ཡིན་པས་སྤྱན་རས་གཟིགས་ཀྱི་སྤྱན་མཚོན་དོན་རེད། དཀྱིལ་གྱི་སྨིན་མཚམས་བར་གྱི་གདུང་འདྲ་བའི་གདུང་འཁྱིལ་རི་མོ་འདི་ཉིས་སྣང་ནུབ་པའི་མཚོན་དོན་ཡིན་ཞེས་ཁོང་གིས་འགྲེལ། 

༧་པད་གདན་། འོད་ཁུང་དེའི་ནང་སྟོན་པའི་སྐུ་འདྲ་ཡོད་པ་རྒྱང་ནས་མཇལ།

༨་པད་མ་འདབ་མ་༡༦་(Thuj Do zung)

༩་གདུགས་སམ་ཆར་འཁེབས་ཟླུམ་སྐོར།

༡༠་གྣ་དྷོ་ལ་ཕྱོགས་བཞིར་བཅོད་པན་རྒྱན་པ།

༡༡་ཏོག་དྲིལ་བུའི་རྣམ་པ་རྩེ་མོ་ཅན།