Dover to Folkstone Hiking

Dated 1st june 2024

དྲོ་བར་ནས་ཕོཀས་ཏྲོན་བར་རྐང་བགྲོད།

དེ་རིང་གི་གོམ་བགྲོད་འདི་Hiking in London club http://www.senderismoenlondres.co.uk གོ་སྒྲིག་འོག་དྲ་རྒྱའི་ནང་ནས་ལག་ཁྱེར་ཉོས་། ཕྱི་ཟླ་༦་ཚེས་༡ཉིན་ཞོགས་པ་ཆོུད་༧་ལ་ནང་ནས་ཐོན།

ལག་ཁྱེར་རེར་དབྱིན་སྒོར་༣༨་དེའི་ནང་ལ་རི་ལི་པ་སི་ཕར་ཚུར་འགྲོ་འོང་དང་སྣེ་ཤན་པའི་ཉིན་གླ་འདུས་ཡོད།

king cross to Dover up and down both side and guide fees included 

ལམ་སྟོན་གཞིར་བཟུང་ས་ཚིགས་འདིར་སྒུག་དགོས།་IFO [Bird Cage] in Battle bridge Placw Kings cross station་

དེ་ནས་རྐང་བགྲོད་པ་རྣམས་རིམ་གྱིས་འབྱོར། ཆོུད་༨་༥༠་ཐོག་སྣེ་ཤན་པ་ Maria་ང་ཚོར་ངོ་སྤྲོད་དོར་བསྡུས་ཤིག་གིས་གྲངས་གཤེར་བྱས།

དེ་ནས་ང་ཚོ་ཚང་མ་མེ་འཁོར་བསྐྱོད། མི་གྲངས་ཁྱོན་སྡོམ་༥༢་འདུག མེ་འཁོར་ནང་ཚོུད་གཅིག་ལྷག་སོང།

ཆོུད་༡༠་༣༥་་Dover train station འབྱོར། མེ་འཁོར་འབབ་ཚུགས་སུ་སྣེ་ཤན་པས་རྐང་བགྲོད་པར་ལམ་སྟོན་དང་སྐུ་དཔར་སྒྲོན།

དེ་ནས་ཚང་མ་ལམ་འཁྲིས་པས་སྣེ་འཁྲིད་དེ་གྲོང་གི་ལམ་ཆེན་རྒྱུད་་ལ་མཇུག་བར་ཆས། དེ་རིང་མི་ཚོགས་མང་པོ་ཡོད་སྟབས་སྣེ་ཤན་པ་གསུམ་འདུག

གཅིག་གིས་འགོ་དང་གཅིག་གིས་བར་གཅིག་མཇུག་བྱས་ནས། ང་ཚོ་ཚང་མ་གཅིག་གིས་གཅིག་མཐུད་དེ་སྟར་བསྒྲིགས་ནས Dover རྒྱལ་ས་དཀྱིལ་ནས་ཡར་Western Hights of Dover ལ་མཇུག་ནས་ཡར་འཛེགས།

ལ་མཇུག་གི་ལམ་མགོ་དང་པོ་འདི་སྐས་འཛེགས་གཟར་པོ་ཞིག་ནས་ཡར་འཛེགས། སྐས་འཛེགས་གྲངས་༡༣༠་འདུག འདི་ནས་མུ་མཐུད་ལ་མགོ་རྩེ་ནས་ཤར་ཕྱོགས་ལ་གཅུས་ཏེ་སྐྱོད་སྐབས། ཕར་རོལ་གྱི་ལ་མགོ་མདུན་ན་མངོན་པར་གསལ་བའི་ལྗིད་ཆགས་ཀྱི་Dover Castle མཇལ། མར་ལུང་གཞོང་ནང་ལ་Dover ་གྲོང་འདི་ཆགས་འདུག

ད་ལྟ་ང་ཚོ་སྐྱོད་བཞིན་པའི་ལ་མཇུག་འདིའི་མདུན་ལ་ས་དོང་ཆེན་པོ་ཞིག འདུག དེའི་མིངལ་The Drop Redoubt of Western hights 1804-1815

དམག་མི་སྡོད་ཁང་ས་ཕགས་ཀྱི་རྩིགས་ཁང་ཆེན་པོ་ཕྱོགས་གཉིས་ཀ་རྒྱབ་རིར་རྟེན་པའི་བར་དཀྱིལ་ཕལ་ཆེར་མོ་ཀྲོའི་ལམ་ཚད་ཡོད་པ་ཞིག་འདུག

འདིའི་ནང་ལ་མི་འགའ་ཞིག་གིས་ཁྱི་འཁྲིས་ནས་འཆམ་འཆམ་སྐྱོད་བཞིན་མཆིས།

ས་ཕགས་ཀྱི་རྩི་ཁང་འདི་གནའ་ཤུལ་དམག་གི་འཇབ་ཁང་རྙིང་པ་ཞིག་ཡིན་པ་མདུན་གྱི་ཡིག་བྱང་ནང་མངོན་པར་གསལ། འདིའི་ནང་ལ་དམག་མི་༢༠༠་ཡི་སྡོད་གནས་དང་མེ་སྒྱོགས་བཞག་ས་ཡོད་ཟེར་སྐད། Dover ནི་ལོ་རྒྱུས་རང་བཞིན་གྱི་གནས་ཡིན་པ་དང། དམིགས་བསལ་གནས་འདི་France་རྒྱལ་ཁབས་དང་མཚོ་རྒྱུད་འབྲེལ་ཡོད་པས་དམག་འཐབ་ཀྱི་ལོ་རྒྱུས་རིང་པོ་ཡོད། དམག་འགོག་ཐབས་ཀྱི་དབྱིག་ལེན་ལྷོ་ཤར་མཚམས་ལ་ལྕགས་རིའམ་མཁར་རྫོང་ཆེན་པོ་ལྔ་ཡོད་པའི་ཡ་གྱལ་གཅིག་Dover Castle་འདི་ཡིན། དུས་རབས་བར་མའི་སྐབས་ནས་ད་བར་རྒྱལ་ཁབས་སྲུང་སྐྱོབ་ཀྱི་གནས་གནད་འགག་ཞིག་ཡིན།

dover འདི་དབྱིག་ལེན་གླིང་ཕྲན་གྱི་ལྷོ་ཤར་གྱི་འགག་སྒོ་ཆེ་ཤོས་ཤིག་ཀྱང་ཡིན།

ད་ལྟའི་འཆར་Dover to calais france་བར་མཚོ་ལམ་རྒྱུད་ཕ་རན་སི་རྒྱལ་ས་ཀ་ལེས་ལ་ཆོུད་༢་ནས་༣་བར་མཚོ་ཐོག་ནས་འགྲུལ་ལམ་ཡོད།

མཚམས་འདིར་དོ་བར་གྱི་དངོས་འབྲེལ་འགའ་གསལ་ཁ་སྟོན་ན།

༡་གནས་མིང་ཆགས་ཚུལ། River Dour་རྒྱུག་ཆུའི་མིང་ནས་ཟུར་ཆགས་ནས་Dover ཆགས་། རྒྱུག་ཆུའི་མིང་གནས་ལ་ཐོགས།

༢་Dover Castle མཁར་རྫོངས་འདི་དབྱིན་ཇི་རྒྱལ་ཁབས་ཀྱི་ལྷོ་མཐའི་མཚམས་ཀྱི་ས་སྲུང་མཁར་རྫོངས་ཆེན་པོའམ་ལྕ་རི་ཆེན་པོ་ལྔའི་ཡ་གྱལ་གཅིག་ཡིན། མཁར་རྫོང་གི་རྩིག་རྨང་ཕྱི་ལོ་༡༠༦༦་ཡས་མས་ལ་བཏིངས།

King Henry II (1180) སྐབས་ད་ལྟའི་Dover Castle ལྗིད་ཆགས་ཀྱི་མཁར་རྫོང་འདི་འཛུགས་སྐྲུན་བྱས།

མཁར་རྫོང་འདིས་དུས་ནས་དུས་སུ་དུས་རབས་བར་མའི་སྐབས་ནས་ཕྱི་ཡི་བཙན་འཛུལ་རིམ་པ་དང་དམག་ཆེན་དང་པོ་དང་གཉིས་བཅས་ནས་རྒྱལ་ཁབ་སྲུང་སྐྱོབ་ཀྱི་ལོ་རྒྱུས་བཟུང་ཡོད།

མཁར་རྫོངས་ཆེན་པོ་ལྔ་ནི།་Hasting,New Romney,Hythe,Dover and Sandwich བཅས་ཡིན། འདི་ལ་Cinque Ports་ཟེར། སིན་ཁྱི་གོ་དོན་ཕ་རན་སི་སྐད་ལ་གྲངས་ལྔའི་དོན་དང་པོཀྲ་མཁར་མཛོང་ངམ་འབབ་ཚུགས་ལ་གོ

༣་Dover Port འདི་དབྱིག་ལེན་རྒྱལ་ཁབ་དང་ཡུ་རོབ་མཉམ་འབྲེལ་རྒྱལ་ཁབ་བར་ཚོང་འབྲེལ་དང་འགྲུལ་ལམ་གྱི་གྲུ་ཟིང་འབབ་ཚུགས་ཆེ་ཤོས་ཞིག་ཀྱང་ཡིནཔར་བརྗོད།

༤་White Cliff ས་དཀར་རི་ནི་ལོ་རྒྱུས་རང་བཞིན། འོག་ས་དཀར་ལས་གྲུབ་པའི་སྤངས་རི་ཡིད་དུ་འོང་བ། ཡུལ་སྐོར་སྤྲོ་འཆམ་པའི་རྐང་བགྲོད་འཆམ་འཆམ་འགྲོ་སའི་གནས་སྐད་གྲགས་ཅན་ཞིག་ཡིནཔར་འདོད། ལོ་རེར་ཡུལ་སྐོར་སྤྲོ་འཆམ་པ་༥༠༠༠༠༠་འབུམ་ལྔ་ལྷག་འཆམ་འཆམ་འཕེབས་ཀྱིས་ཡོད་པའི་བཞུང་འབྲེལ་ཡིག་ཚང་ནང་གསལ།

༥་་Samphire Hoe ས་སྙིགས་རྡོ་སྙིགས་ལས་འགྲུབ་པའི་གླིང་ཕྲན།

ས་སྙིགས་རྡོ་སྙིགས་དེ་དག་Folkestone EuroTunnel་མཚོ་འོག་རི་ལི་སྦུབས་ལམ་བཟོ་སྐབས་འོར་འདྲེན་བྱེད་དེ།. ས་སྙིགས་རྡོ་སྙིགས་སྡེབ་སྤུངས་འཇོག་སའི་གནས་ཡིན། ཕྱི་མ་འདི་གླིང་ཕྲན་ཆུང་ཆུང་གི་ངོ་བོར་གྱུར་སྟེ་ད་ཆ་ཡུ་རོབ་སྦུབས་ལམ་ལ་བསིལ་རླུང་གཏོང་བྱེད་ཀྱི་བསིལ་རླུང་འཁྲུལ་འཁོར་འཇོག་སའི་གནས་ཡིན་པ་དང་། དེ་མིན་རྩེ་མོ་རྩེ་ས་དང་འཆམ་འཆམ་འགྲོ་ས། ཡུལ་སྐོར་སྤྲོ་འཆམ་པའི་གནས་འགལ་ཆེན་ཞིག་ཏུ་གྱུར་ཡོད། མདོར་ན་གནས་འདི་མིས་བཟོས་པའི་མཚོ་གླིང་ཆུང་ཆུང་ཞིག་ཡིན།

དེ་ནས་མུ་མཐུད་ང་ཚོ་རྐང་བགྲོད་པ་རྣམས་མདུན་གྱི་སྤངས་རིའི་སྒང་གཅིག་གིས་གཅིག་མཐུད་ནས་ཡར་དལ་གྱིས་འཛེགས་པའི་རྣམ་པ་འདི། འབུ་གྲོག་མ་སྐྱས་སྤོས་པ་ལྟར་་མིག་ལ་ལྷག་པར་མཛེས།

ད་ལྟ་རྐང་བགྲོད་བྱེད་བཞིན་པའི་རྐང་ལམ་ཕྲ་མོ་འདིའི་མིང་England Coastal Path ཟེར།

རྐང་ལམ་འདི་ནས་ཡར་འཛེགས་ཏེ་ལ་མགོ་རྩེ་ཐང་ལེབ་ལེབ། ཤར་གྱི་ཕྱོགས་ལ་སྔོ་ལྗང་སྤངས་དང་ནགས་ཀྱིས་མུ་མཐའ་བྲལ། ཉིན་འདིར་རྣམ་གཤིས་ལྷག་པ་ལྡང་བས་རྩི་ཤིང་དང་ལྗང་པ་རྣམས་རླུང་གིས་སྒུལ་བས། རྩི་ཤིང་ལྗང་པའི་མགོ་བོ་ལྕོག་ལྕོག་གི་རྣམ་པ་འདི་འཕེབས་སུ་བཞུ་བའི་ཚོར་བ་སྟེར།

རྐང་ལམ་འདིའི་གཡས་ཕྱོགས་ན་བྲག་རོང་ཡིན་པ་དང་། བྲག་གི་སྣ་གཟེར་མང་ཆེ་བར་གནའ་ཤུལ་དམག་གི་ལྗབ་ཁང་རྙིང་པ། ད་ཆ་རྩ་དང་ལྗང་པས་ལ་ཐོད་དཀྲིས་པ་ལྟ་བུ། རྩ་དང་ལྗང་པས་འཁེབས་ནས་མངོན་པར་གསལ་ལ་མི་གསལ་བ་མང་དག་ཅིག འགོམ་པ་རྒྱང་ཐག་བརྒྱ་ལྷག་གི་མཚམས་མཚམས་སུ་བྲག་ཟུར་དེ་དག་ལ་ད་ལྟའང་མངོན་རྒྱུ་འདུག དོ་ཝར་འདི་རྒྱལ་སྲུང་གི་གནས་གནད་འགག་འགལ་ཆེ་ཞིག་ཡིན་པར་ད་གཟོད་ཚོད་དཔགས་བྱས་ཐུབ།

འདི་ནས་ལྷོ་ཕྱོགས་སུ་བལྟས་ན་མཐའ་ཡས་པའི་English Channel རྒྱ་མཚོ་མུ་མཐའ་མི་མངོན་པ། རྒྱ་མཚོའི་དཀྱིལ་དཀྱིལ་ལ་གྲུ་ཟིང་ཆེ་ཆུང་འགའ། འགྲོ་ལམ་ཕྱོགས་མཚམས་བརླགས་པའི་རྣམ་པ་འདི་མཇལ།

རྒྱ་མཚོའི་མཛེས་ཆོས་ནི་བསིལ་རླུང་གིས་གཡོ་བའི་རླབས་ཕྲེང་གི་གར་སྟབས་འདི། བྱི་པ་འབུམ་ཕྲག་ཐང་ལ་རྐང་ལག་གཡས་གཡོན་འགུལ་སྐྱོད་ཀྱི་རྒྱས་གཤོམ་བགྲེམ་སྟོན་གྱི་རྣམ་པ་དང་། སྐབས་སྐབས་སུ་རྦ་རླབས་ནམ་མཁར་ཕྱུར་བའི་ཀློང་ཆེན་རྣམ་པ་འདི། འབྲུག་ནམ་མཁར་ཕུར་བར་འགྲན།

ཡང་སྐབས་སྐབས་སུ་གློ་བུར་རྦ་རླབས་འགའ་ཞིག་མཚོ་ངོགས་བྲག་ལ་འཐབ་པའི་ང་རོའི་ལྡིར་སྒྲ རོལ་མོ་བས་རོལ་ཆ་སྟོང་དུས་གཅིག་ཏུ་དཀྲོལ་བའི་སྒྲ་བསྒྲགས།

འདི་རིང་ངས་རི་སྐོར་འཆམ་འཆམ་གྱི་དམིགས་ཡུལ་ཡང་སྐབས་སྟབས་ཀྱི་ཡུལ་ལྗོངས་ཀྱི་མཛེས་སྡུག་གི་ཚོ་བ་མྱོང་བའི་ཆེད་དང་། རང་གི་བདེ་སྡུག་གི་ཚོ་བ་འདི་ཡུལ་ལྗོངས་དང་འདྲེས་ནས་བདེ་སྐྱིད་འཚོལ་བའི་དམིགས་ཡུལ་ཉག་ཅིག་འདི་ཡིན། དེ་མིན་དུས་ཚོད་ཆུད་ཟོས་དང་རྐང་མཐིལ་ཟད་པའི་ངལ་བ་ཙམ་ཡིན།

ཡུལ་ལྗོངས་དང་ཚོ་བ་འདྲེས་ནས་མྱོང་བའི་སྐབས། སྐབས་སྐབས་སུ་སེམས་སྡུག་ལྕི་མོའི་ཚོ་བ་འདི་རྒྱ་མཚོའི་རླབས་ཕྲེང་གི་རྗེས་སུ་སྤྲིངས།

སྐབས་སྐབས་སུ་སེམས་ཀྱི་འཆར་སྒོ་རི་མགོའི་ལྷག་པའི་ཉམས་སུ་རླུང་ལ་སྤུར།

ཚོ་བ་དགའ་སྐྱོ་འདྲེས་མའི་རི་ལམ་ཕྲ་མོ་འགོམ་པས་བཞལ་སྟེ། གཡས་ཕྱོགས་སུ་རྒྱ་མཚོའི་མཛེས་སྡུག་དང་གཡོན་ཕྱོགས་སུ་སྤངས་དང་ནགས་རི་མཛེས་སྡུག་གི་རྣམ་པ། འདིར་ཡིད་དགའ་སྤྲོས་ཚོར་བའི་བག་ཆགས་བཟང་མོ་སེམས་ལ་གཏམས།

འདི་ནས་མི་རིང་བར་ང་ཚོ་ཚང་མ་དགུང་ཚིགས་ཀྱི་བར་སེང་ཆུ་ཚོད་ཕྱེད་ཀ་འགྲུལ་མཚམས་འཇོག

རྐང་བགྲོད་པ་ཚང་མ་སྤངས་ཐང་སྒང་འགའ་ཤས་ཀྱིས་ཡར་སྤངས་ལྗོངས་ལ་རྒྱང་བལྟ་བྱེད། འགའ་ཤས་ཀྱིས་མར་རྒྱ་མཚོར་རྒྱང་བལྟ་བྱེད་དེ་ངལ་གསོས་བཞིན་ཚང་མ་དགུང་ཚིགས་རོལ་བ་དང་ཆབས་ཅིག་བདེ་སྐྱིད་ཀྱི་ཚོ་བ་མྱོང་བཞིན་ངལ་གསོས།

འདི་ནས་མུ་མཐུད་རི་མགོའི་གཟེར་ལམ་རྒྱུད་ནས་ལེ་བར་༧་ལྷག་བསྐྱོད་མཐར། སྣེ་ཤན་པས་ང་ཚོ་ཚང་མ་སླར་གཅིག་གིས་གཅིག་མཐུད་ནས། རི་གཟེར་ལུང་གཞོང་ནང་ལམ་ཕྲང་གུ་དོག་པོ་ཤིང་ནགས་ནས་མར་འཁྲིད། ལམ་གུ་དོག་ལམ་ཆུང་ཆུང་གཡས་གཡོན་རྩ་དང་ཚེར་མ་ཟ་ཚོད་དཀྱིལ་ནས་མར་རྒྱ་མཚོའི་ངོགས་ལ་ལམ་སྣེ་དེད། ལམ་འདིར་འདྲེད་བརྡར་ཤོར་ཉེན་ཆེན་པོ་འདུག གཟབ་གཟབ་བྱས་ནས་ག་ལེར་ག་ལེར་མར་སོང། མི་རིང་བར་རྒྱ་མཚོའི་འགྲམ་ལ་སླེབས། དེ་མཚམས་ལ་ཚང་མ་ཐང་ཆད་འདུག འགའ་ཤས་ཆུ་རྩེ་ལ་རོལ། འགའ་ཤས་རྡོ་ཕོང་སྒང་ལ་ཉལ་སྟེ་ངལ་གསོས།

འདི་ནས་སླར་ང་ཚོ་ཚང་མ་མཚོ་འགྲམ་གྱི་ལམ་ཟུར་ནསForkstone ཕྱོགས་ལ་སྐྱོད། ལེ་བར་༥་ལྷག་འགྲོ་དགོས། འདི་ནས་forkstone བར་འགྲོ་ལམ་ནི་སྐབས་འགར་རྡོ་རོང་དང་ཤིང་ནགས་འདྲེས་མའི་སྐབས་སྐབས་ལ་ཆུང་རེ་འཛེགས། མི་རིང་བར་མཐར་བྱེ་དམར་མཚོ་ངོགས་Red Sand Beachཟུར་ལ་འབྱོར། འདིར་ང་ཚོའི་ཉིན་གཅིག་གི་རྐང་འགྲོད་དམིགས་བེན་མཐའ་མ་འདིར་མཇུག་བསྒྲིལ།

ཚང་མ་དགའ་སྤྲོས་ངང་འཚམས་འདྲི་ཞུ་བཞིན་གཏམ་གླེང། འདིར་ང་ཚོའི་སྣེ་ཤན་པས་བསྡུ་སྐོང་བྱེད་དེ་ཚང་མར་ཐུགས་རྗེ་ཆེས་འཚམས་འདྲི་བཞུ་བ་དང་ཆབས་ཅིག་སྐུ་དཔར་བསྒྲོན། འདི་ནས་ཚང་མ་གྱས་མཇལ་ཞུས་ནས་རང་རང་སོ་སོའི་གནས་ལ་གྱར། འདི་བར་ཆུ་ཚོད་༦་༣༠འགོར་འདུག

མཚམས་འདིར་བྱེ་དམར་མཚོ་ངོགས་Red Sand Beach་ཀྱི་་རྣམ་པ་མདོར་བསྡུས་ཤིག་ཞུས་ན། 

Folkstone་ལ་བྱེ་ཐང་མི་འདྲ་བ་འགའ་ཡོད་པའི་ནང་ནས། བྱེ་ཐང་འདི་བྱེ་དམར་མཚོ་ངོགས་ཡིན་པའི་ཁྱད་ཆོས་ཀྱི་་མཚོ་ངོགས་ཡིན། འདིའི་ཟུར་ཞིག་ན་The Mermaid རྡོ་ཕོང་རྒོད་སྒལ་ལ་ལི་བཞུས་ལས་གྲུབ་པའི་ཀླུའི་བུ་མོའི་སྐུ་འདྲ་སྙིང་རྗེ་པོ་མི་ཚད་ལོང་བ་ཞིག བཟོ་རྐོད་པ་Corlia Parker་བཟོས་པ་ཡིག་བྱང་དུ་གསལ།དེའང་བལྟ་འོས་པ་ཞིག་མཐོང།

དེ་ནས་ངའི་ཉིན་གཅིག་གི་བྱེད་སྒོ་རྫོགས་སོ།

འདི་ནས་ང་Grand Burstin Hotel ལ་མཚན་ཞག་སྡོད། ཟ་ཁང་འདི་མཚོ་འགྲམ་དང་གནས་འདིའི་ཟ་ཁང་ཆེས་ཤོས་ཤིག་ཡིན་གཤིས། ཟ་ཁང་ནང་འཁྲུས་དང་ངལ་གསོ་བྱེད་དེ་ཡུན་ཞིག་བསྡད།

དེ་ནས་གོང་མོ་ཆུ་ཚོད་༨་ཡས་མས་ཤིག་ལ། སླར་མདུན་གྱི་རྡོ་ཧྲུག་མཚོ་འགྲམ་་ལ་འཆམ་འཆམ་ཕྱིན་ནས་དུས་ཡུན་གང་འཚམས་ཤིག་བརྐྱལ། ང་རང་གཅིག་པུ་རྒྱ་མཚོའི་རླབས་ཕྲེང་ལ་སེམས་པ་གཡེང་སྟེ་བདེ་སྐྱིད་ཀྱི་ཚོ་བ་ལོངས་སུ་སྤྱོད།

མཚོ་ངོགས་འདིར་དལ་པོས་ངང་དགོང་ཟས་རྒྱོག་ཐུག་ཞིག་བཀོལ་ནས་འཐུང།( དེ་ནས་ནམ་སྨི་རིབ་འགྲོ་ཡི་ག་ལེར་ཟ་ཁང་ཕྱོགས་སུ་ཕྱིར་སྐྱོད།)

ཉིན་གང་ལམ་ཐག་རིང་པོར་རྐང་བགྲོད་བྱས་པའི་ཐང་ཆད་པས་མགོ་སྔས་མགོར་བཞག་པ་དང་གཉིད་དུ་ཡུར།

ཕྱི་ཉིན་ཚེས་༢་ཉིན་དལ་པོས་ཡར་ལངས་ནས་ཟ་ཁང་འདིའི་ནང་ཞོགས་ཇ་འཐུང་བར་སོང། དེ་ཉིན་གཉིས་པའི་forkstone་རྟོགས་ཞིབ་བྱ་རྒྱུའི་ལས་རིམ་བསྒྲིགས།

དང་པོ་ཟ་ཁང་གི་ནུབ་ཕྱོགས་ཀྱི་མཚོ་འགྲམ་ནས་ཐོན། མཚོ་ངོགས་རྡོ་ཧྲུག་གི་སྒང་ལ་ཤིང་གྲུ་རིང་རི་ལི་ལྕགས་ལམ་འོག་གི་ཤིང་རྙིང་ལས་བཟོས་པའི། རྐང་ལམ་སྦྲུལ་འདྲ་བ་མི་ཀྲར་༨༠༠་ལྷག་ཡོད་པ། བལྟ་ན་སྡུག་པ་ཞིག་སྒང་ནས་ནུབ་ཕྱོགས་ཀྱི་མཚོ་མཐའ་ལ་བལྟ་སྐོར་སོང།

ཤིང་ལམ་དེད་ནས་ལམ་ཕྱེད་ལ་ལག་པ་གཡས་ཕྱོགས་ལ་The Leas Lift -1885 ལ་བཟོས་པ་བྲག་རི་འདབས་ལ། མཚོ་ངོགས་ནས་ཡར་འཛེགས་རྒྱུར་འགྱོག་འབེབ་དུས་རབས་ཀྱི་ཚན་རིག་ལག་རྩལ་ཁྱད་ཆོས་ལྡན་པ་ཞིག་ཡིན་པ། ད་ཆ་འགྲེམས་སྟོན་ཁང་གི་ངོ་བོའི་ཚིགས་ཇའི་ཟ་ཁང་ཞིག་ལ་གྱུར་ནས་འདུག

འདི་ཡང་བལྟ་འོས་པ་ཞིག་མངོན།

འདི་ནས་མུ་མཐུད་སོང་སྟེ་ཡར་བྲག་ལམ་མིང་ལ་་Zig Zag path ལམ་ཆུང་འདི་བྲག་གཤགས་ནས་ལམ་ཀྱག་ཀྱོག་གི་མཛེས་ཆོས་སྤྲོས་པའི་ལམ་སྙིང་རྗེ་པོ་ཞིག་འདུག འདི་ནས་ཡར་ལ་འཛེགས་ན་གྲོང་གི་ཟུར་ལ་སླེབས།

དེ་ནས་མུ་མཐུད་རི་ལི་འབབ་ཚུགས་ལ་སོང་ནས། ཉིན་གཉིས་ཀྱི་རྐང་བགྲོད་འཆམ་འཆམ་གྱི་ཉམས་མྱོང་དང་ཚོར་བ་ཡིད་ཀྱི་ངོར་རི་མོར་བཀོད་དེ། བདེ་སྐྱིད་དང་བག་ཆགས་བཟང་པོའི་ཉམས་མྱོང་གི་ཁུར་པོ་འཁྱེར་ནས་ཡིད་དགའ་ལྷང་ལྷང་ངང་ནས་ནང་ལ་བྱོར།

 མཚམས་འདིར་Folkstone ཤེས་བྱ་འགའ་ཕྱུང་ན།

1Folkstone ལུང་པ་English channal རྒྱ་མཚོའི་ངོགས་ལྷོ་བྱང་གི་བྲག་རོང་གཉིས་ཀྱི་བར་ལ་ཆགས། གྲུ་ཟིང་འབབ་ཚུགས་ཀྱི་རྒྱལ་ས་རྙིང་ཤོས་ཤིག་ཡིན་པ་ཡིག་ཚང་ནང་གསལ།

༢་Mesolithie and Paleolithic དངོས་རྫས་རིག་པའི་གནའ་ཤུལ་ལས་རྒྱལ་ས་འདི་རྡོ་ཆས་ཀྱི་དུས་རབས་སྔ་མ་་ཕྱི་མ་ནས་མིའི་འགྲོ་བ་ཆགས་ཡོད་པའི་དཔང་རྟགས་བརྙད་ཡོད།

༣ Anglo-Saxon- Period་སྐབས་རྒྱལ་ས་འདི་Kingdom of Kent རྒྱལ་གཞིས་མངའ་འོག་ཡིན་པ་དང་།

༤་དུས་རབས་༡༣་སྐབས་Cinque Ports མཁར་རྫོང་ལྔའི་ཁུངས་སུ་བསྡུས།

༥་Tudor Period 1485-1603 སྐབས་མཚོ་ངོགས་ཀྱི་རྒྱལ་ས་འདི་རང་སྲིད་རང་སྐྱོང་གི་ངོ་བོར་གནས།

༦་དུས་རབས་༡༦་དང་༡༧་ནས་ France ནས་བཙན་འཛུལ་མུ་མཐུད་བྱུང།

༧་དུས་རབས་༢༠་སྐབས་་འཛམ་གླིང་དམག་ཆེན་དང་པོའི་སྐབས་Balgian refugee སྐྱབས་བཅོལ་བ་མི་གྲངས་༦༥༠༠༠༠་ལ་སྐྱབས་བཅོལ་བའི་སྡོད་གནས་བསྐྲུན།

༨་Folkstone་རྒྱ་མཚོའི་འོག་གི་རི་ལི་ལྕགས་ལམ་མམ་སྦུབས་ལམ་འཛམ་གླིང་ནང་སྐད་གྲགས་ཆེས་ཤོས་ཡིན་པར་གྲགས།

དེའི་མིང་ལ་ channel Tunnel/ EuroTunnel གང་རུང་འབོད།

ལྕགས་ལམ་འདིའི་དོན་གནད་འགའ།

ལྕགས་ལམ་འདི་རྒྱ་མཚོའི་གཏིང་གི་ས་གཞི་ནས་མི་ཀྲར་༧༥་འོག་ས་བྲུས་ནས་སྦུབས་ལམ་བཏིང་ཡོད།

དོན་དངོས་རྒྱ་མཚོའི་ནང་ཡིན་རུང་སྦུབས་་ལམ་རྒྱ་མཚོའི་ས་འོག་ནང་ཡིན།

རྒྱ་མཚོའི་འོག་ས་བྲུས་སྐབས་ས་སྙིགས་རྡོ་སྙིགས་ཚང་མ། ཕྱིར་འོར་འདྲེན་བྱས་ནས་Dover རྒྱ་མཚོའི་ངོགས་ལ་སྤུངས། མཐའ་མ་ས་སྙིགས་རྡོ་སྙིགས་འདི་དག་གླིང་ཕྲན་ཞིག་ཏུ་བསྒྱུར་ནས་Samphire Hoe་ཞེས་པའི་གནས་འདི་གྱུར། འདིའི་རྒྱས་བཤད་གོང་དུ་བཤད་ཟིན།

༡༨༠༢་ལ་France Engineer Albert Mathiev Favier གྱིས་སྦུབས་ལམ་ས་བྲུས་ལས་འགོ་འཛུགས་ནའང་ལམ་ལྷོང་མ་བྱུང།

༡༩༨༨་ལོར་རྒྱལ་ཁབ་གཉིས་ཀྱིས་མུས་མཐུན་འོག་གཞུང་འབྲེལ་དངོས་གཞིས་ལས་འགོ་བརྩམས།

༡༩༩༡་ལོར་ལས་མཇུག་དྲིལ།

༡༩༩༤་ལོར་མངོན་འགྲོའི་རི་ལི་འགྲོ་འགོ་བརྩུགས།

༢༠༠༧་ལོར་Eurostar Train གཞུང་འགྲེལ་གྱིས་འགྲོ་ལམ་ཕྱེས།

སྦུབས་ལམ་འདིའི་རིང་ཚད་ཀི་ལོ་མི་ཏྲར་༥༠་ཡོད། folkestone to Calais

མཚོ་འོག་གི་རི་ལི་སྦུབས་ལམ་འདི་ནི་དུས་རབས་ཉེར་གཅིག་གི་ཚད་རིག་ཡར་སྐྱེས་ཀྱི་གྲུབ་འབྲས་རྩེ་ཕུད་ཞིག་ཡིན་པར་རློམས།

རྒྱས་པ་Folkstone ལོ་རྒྱུས་ལ་གཟིགས་རོགས།


Leave a Reply

Your email address will not be published. Required fields are marked *