ཚ་བ་མདའ་སྨྱུག་གི་ཕྱིར་རྟོག

༢༠༢༠་ལོའི་ཕྱི་ཟླ༡༢་ཚེས་༣༡་འགོང་མོ་དྲྭ་རྒྱའི་ནང་ཡུས་ཙམ་ཞིག་མྱུལ་བས་{ཚ་བ་མདའ་སྨྱུག་}གི་བརྩམས་ཆོས་ཀྱི་དཔྱད་རྩོམ་དང་རྣམ་མཐར་མང་དག་ཅིག་མཇལ་ ། དཔྱད་རྩོམ་རྣམས་བཀླགས་པས་བརྒྱུད་རིམས་ནས་ཁོང་གིས་ང་ཚོ་མི་རབས་གསར་པ་ལ་བཞག་པའི་ཕ་གཞི་ནོར་སྐལ་གསེར་གྱི་པོ་ཏི་{ ཕྱིར་རྟོག}ཞེས་པ་ཞིག་ཡོད་པ་ད་གཟོད་ཤེས་། 

མཚན་དགུང་ལ་{ཕྱིར་རྟོག་}ཞེས་པའི་དཔེ་དེབ་དེ་དྲྭ་རྒྱའི་ནང་གཏེར་ཁའི་ལས་མི་བཞིན་གང་འཚམས་བྲུས་ ༎ ངལ་བ་སྟོང་ཟད་ལག་སོན་གང་ཡང་མ་བྱུང་། གུས་པ་ནི་ཚ་བ་མདང་སྨྱུག་གི་རྩོམ་དེབ་གང་འདྲ་ཞིག་ལག་ཏུ་ཐོབ་ན་སྙམ་པའི་སྐོམ་པ་ཆུ་འདོད་ལྟར་ཁོང་གི་དཔེ་དེབ་ཅི་རུང་་
ཞིག་ལག་སོན་བྱུང་ན་ཅི་མ་རུང་གིས་འདུ་ཤེས་དྲག་པོས་དུངས་པས་སྐབས་གློ་བུར་དྲན་ཤེས་ལ་༢༠༡༨་ལོར་རྒན་ཀུན་དགའ་ཡི་བུ་མོའི་སྐྱེས་སྐཪ་སྐབས་ཀྱི་གླེང་མོ་དང་ཁོང་གི་དཔེ་དེབ་ཁང་གི་དཔེ་ཁྲི་སྟེང་གི་དཔེ་དེབ་འགའ་དྲན་བྱེད་ཡིད་དབང་ལ་ལྷེམ་མེར་གསལ་
ཕྱི་ཉིན་གནམ་ལོ་གསར་ཚེས་ཀྱི་མཚམས་འདྲི་བསུ་བ་དང་སྦྲགས་རྒན་ཀུན་དགའ་ལགས་ལ་ཞལ་དཔར་ཞིག་ཕུལ་བའི་ཞོར་ལ་" རྒན་ལགས་"ཚ་བ་མདའ་སྨྱུག་གི་དཔེ་དེབ་ཡོད་པས་དྲིས།" རྒན་ལགས་ནས་མགྲིན་ཅིག་དབྱངས་ཅིག་གིས་ཡོད་ཡོད་དོ་གསུངས་སོ་། རྒན་ལགས་ཀྱི་ལན་འདེབས་དེ་ནི་གུས་པར་མཐའ་འཁོབ་མུན་པའི་གླིང་ན་" གསེར་ཞུན" རྙེད་པའི་དགའ་ཚོར་སྟེར་། དགའ་སྤྲོས་སྤྲོ་སེམས་འཁོལ་བས་དེ་མ་ཐག་དཔེ་དེབ་དེ་ང་ལ་གཡར་བ་ཞུ་བཅས་གསོལ་འདེབས་ཞུས་བ་དང་རྒན་ལགས་ནས་ཞལ་བཞེས་བཟང་མོ་ཐོབ་། འགོང་མོ་ཆུ་ཚོད་ ་༨་༣༠་ ཐོག་ལེན་རྒྱུའི་དུས་བཏབ་། ཆུ་ཚོད་༨་༣༠་ཐོག་རྒན་ལགས་གྲང་ངར་ཆེ་བའི་ཕྱི་ལོག་མོ་ཀྲའི་ལམ་ཕྲང་ལ་ངང་སྒུག་ཡོད་པ་མཇལ་། སྐུ་ཉིད་མཇལ་བ་དང་མཚམས་འདྲིའི་བཀྲིས་བདེ་ལེགས་ཀྱིས་བསུས་ཏེ་གླེང་མོར་གྲོས་སྐབས་རྒན་ལགས་ནས་དཔེ་དེབ་དེ་གུས་པར་བྱིན་།
དེབ་དེ་ལག་ལ་འཐོག་པ་དང་ཆབས་ཅིག་མདུན་ཤོག་སྟེང་རིག་བྱེད་མིག་དབང་གིས་མིག་ཤེར་འཕངས་བས་མངོན་པར་གསལ་བ་ནི་{ ཕྱིར་རྟོག}=={ ཚ་བ་མདའ་སྨྱུག} ཕྲ་ལྷེམ་མེ་མདངས་༎
དེབ་དེ་ལག་ལ་རག་པ་དང་འཐོབ་མི་སྲིད་པའི་དངོས་པོ་ཞིག་རྙེད་པ་ལྟ་བུའི་དགའ་འཚོར་ཀྱིས་སེམས་པ་ཧ་ཅང་ཚིམས༎
སྐབས་དང་བསྟུན་ནས་གུས་པའི་བཟོས་པའི་རོ་བརྒྱ་བཅུད་སྟོང་ལྡན་པའི་{ སྣུམ་བཙོས་སི་པན་}༼Chilli Oil ༽ཤེལ་དམ་ཆུང་མ་འབྲིང་གཅིག་ཁུར་ཡོད་པས་དེ་རྒན་ལགས་ལ་ཕུལ་སྟེ་ { སྣུམ་བཙོས་སི་པན་}དེའི་འགྲེལ་བཤད་མདོར་བསྔུས་ཤིག་ཞུས་ཏེ་"སུ་པན་འདི་མཉེས་པོ་མཆོད་རོགས་བགྱི་༎" གྱེས་བྲལ་མཚམས་འདྲི་ཞུ་བ་དང་སྦྲགས་རང་གནས་ཕྱོགས་སུ་ལམ་སྣེ་འགྲིམས་༎

མཚམས་འདིར་ཞུ་འདོད་པའི་སྙིང་པོ་ནི་རང་ཉིད་ལ་རིག་གནས་ཀྱི་ཚིག་ཕྲད་སུམ་དག་ལྡེབ་སྦྱོར་གང་གི་ཐད་ལ་སྦྱང་པ་ཤིན་ཏུ་ཆུང་བས་མི་ཚེ་ཅོང་དང་གོག་སྐྱའི་ཤུན་པགས་ནང་ལ་ཟད་པའི་ཚལ་གཏུབ་ཐོག་པའི་མ་བྱན་གྱི་འཚོ་ཐབས་ལ་བསྙེགས་པའི་རྨོངས་བརྟུལ་ཞིག་གིས་དུས་རབས་གསར་པའི་བསམ་ལོ་བ་གྲགས་ཅན་ཚ་བ་མདའ་སྨྱུག་གི་དཔེ་དེབ་བཀླག་པའམ་ཁོང་གི་ཟབ་པའི་དགོངས་གཞི་རྣམས་ལ་འདི་དང་དེ་ཞེས་ཁ་ཚོན་བཅོད་པར་བརློམ་པ་ཀུན་གྱིས་ཞལ་གད་དང་འཕྱ་ལད་སྨ་འབེབས་སྡིགས་པས་གནས་སུ་གྱུར་བ་གོར་མ་ཆགས་། འདིར་ངས་ཚ་བ་མདའ་སྨྱུག་གི་རྗེས་སུ་བསྙེག་པའི་དགོས་པ་ནི་ཁོང་གིས་གླུ་མ་སྐལ་བཟང་མེ་ཏོག་ལ་བཅངས་བའི་བརྩེ་དུང་གི་གསང་བ་འཚོལ་འདོད་པ་དེ་ཡིན་།

Leave a Reply

Your email address will not be published. Required fields are marked *